ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། ལྔ་པ། དཔལ་འབྱོར།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
31.jpg
དེའི་ནང་འབྲི་གཡག་བརྒྱ་ཆ་12དང༌། བ་གླང་བརྒྱ་ཆ་10 ལུག་བརྒྱ་ཆ་50ར་བརྒྱ་ཆ་20བཅས་ཡིན། 1979ལོ་ནས་བཟུང་སྟེ་ལྷོ་ཁ་ཁུལ་གྱིས་རྩྭ་ར་རྫུ འཛུགས་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ་རྩྭ་ར་སྤྱི་ཆིང་ཁྲི་1.32བཏབ་པ་དང༌། རྩྭ་ར་སྤྱི་ཆིང་ཁྲི་3.3ལྷག་ཙམ་བསྐོངས།འབྲོག་ལས་ཀྱི་ཚན་རྩལ་ཡང་འཕེལ་རྒྱས་ཆེན་པོ་བྱུང་ཞིང༌། ས་ཁུལ་དུ་ཕྱུགས་རིགས་ནད་བཅོས་སྤྱི་ཁྱབ་ས་ཚིགས་བཙུགས་པ་དང་། རྫོང་ཁག་ཏུའང་ས་ཚིགས་བཙུགས་པས་ཕྱུགས་རིགས་ལག རྩལ་བ་ཁྱོན་བསྡོམས་1000ལྷག་ཙམ་ཡོད།
32.jpg
ནགསལས
ལྷོ་ཁར་ཤིང་ནགས་རྒྱ་ཁྱོན་སྤྱི་ཆིང་སྣྲཁྲི་155ཡོད་པས་ལྗོངས་ཡོངས་ཀྱི་བརྒྱ་ཆ་ཟླུ5ཟིན་ཡོད། རྩི་ཤིང་གསོག་ཚད་སྨི་གྲུ་
བའི་ལྷམ་པ་དུང་ཕྱུར་388ཟིན་གྱི་ཡོད་པ་དེ་དག་གཙོ་བོ་ཤར་ལྷོ་ཁུལ་དུ་ཡོད།ཤིང་སྣ་ཕུན་སུམ་ཚོགས་ལ་སྤུས་ཀ་ལེགས་པ་དང༌། སྨན་མཁོའི་ཤིང་སྣ་རྩ་ཆེན་ཡང་མང་པོ་ཡོད།
སྤྱི་ལོ༌1959ལོ་ནས་བཟུང་སྟེ་ལོ་ངོ་30ལྷག་ཙམ་རིང་ལ་ལྷོ་ཁའི་མི་དམངས་ཀྱིས་ཤིང་ནགས་འཛུགས་རྒྱུ་འབད་དེ་ལྕང་ར་སོགས་པ་མང་པོ་བསྐོངས། བསྡོམས་རྩིས་རགས་ཙམབརྒྱབ་པར་གཞིགས་ན། ས་ཁུལ་ཡོངས་ཀྱིས་གླིང་ཁ་1300ལྷག་ཙམ་བསྐྲུན་པ་དང༌། ཞིང་སྲུང་ནགས་ཚལ་སྤྱི་ཆིང་666.6དང༌། ཤོ་སྟར་ནགས་ཚལ་སྤྱི་ཆིང་ཁྲི་1བསྐྲུན། གྲལ་འགྲིག་རྩི་ཤིང་རྐང་ཁྲི་1600བཙུགས་པ་དངཤིང་སོན་ཀུང་ཆིང་36.6བཏབ་ཡོད།
1987ལོ་ནས་བཟུང་སྟེ་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་རྩེད་ཐང་གྲོང་བརྡལ་གྱི་བྱང་ངོས་སུ་སྦྱར་ལྕང་སོགས་པ་སྤྱི་ལེ་22ཟིན་པ་བཏབ་པས་བྱེ་རླུང་འགོག་པ་དང༌། ས་ཆུ་སྲུང་ཞིང་ཁོར་ཡུག་ངོ་མཚར་ཆེ་བར་གྱུར་ཏེ་རྩེད་ཐང་དང་དེའི་ཉེ་འཁོར་ཁུལ་གྱི་སྐྱེ་ཁམས་སྲུང་བར་ཕན་ནུས་ཆེན་པོ་ཐོན་ཡོད་པ་རེད།
ལྷོ་ཁའི་འབྲས་ཤིང་འདེབས་འཛུགས་ཀྱང་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་དེ། 1965ལོར་ནང་ས་ནས་འབྲས་ཤིང་སྣེ་ཁ་20འདྲེན་འཛུགས་བྱས་པས་1975ལོ་དང་1980ལོའི་ལྷོ་ནུབ་ཁུལ་གྱི་ཀུ་ཤུའི་དཔྱད་འགྲན་ཐོག་ལྷོ་ཁ་རྒྱ་ཚའི་ཀུ་ཤུར་ཨང་དང་པོ་གཉིས་ཐོབ།1997ལོའི་ལོ་མཇུག་ཏུ་ས་ཁུལ་ཡོངས་ལ་ཀུ་ཤུའི་ལྡུམ་ར་30ལྷག་ཙམ་བསྐྲུན་པ་དང༌། འབྲས་ཤིང་སྡོང་རྐང་ཁྲི་3ཙམ་བཙུགས་པས་རྒྱ་ཁྱོན་སྤྱི་ཆིང་200ཙམ་ཟིན་པ་དང༌། ལོ་རེར་ཤིང་འབྲས་ཏུན་1000ཙམ་ཐོན་བཞིན་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号