ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། ལྔ་པ། དཔལ་འབྱོར།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གིས་ཁུལ་ཡོངས་སུ་ཞིང་ ཆུ་འདྲེན་རྒྱ་བརྒྱ་ཆ་77ཟིན་ཡོད། དེ་དང་དུས་མཚུངས་སུ་ཞིང་ལས་ཐོན་སྐྱེད་ནང་ཚན་རྩལ་གྱི་འདུས་ཚད་མང་དུ་སོང་བ་དང༌། རྨོ་འདེབས་བྱེད་སྟངས་བསྒྱུར་ནས་ཞིང་ལུད་སྤྱོད་རྒྱུར་ཡང་དོ་སྣང་བྱེད་བཞིན་ཡོད། ས་ཁུལ་མང་པོ་ཞིག་ཏུ་ཞིང་ལས་འཕྲུལ་ཆས་ཅན་དང་འཕྲུལ་ཆས་ཅན་ཕྱེད་ཙམ་དུ་གྱུར་ཡོད་དེ། རྨོ་འདེབས་ འཕྲུལ་ཆས་7507དང༌། ཆུ་གཏོར་འཕྲུལ་ཆས་1643
28.jpg
ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་འཕྲུལ་ཆས་867སྐྱེལ་འདྲེན་འཕྲུལཆས་507བཅསཡོད་པས་འཕྲུལ་ཆས་ཅན་དུ་འགྱུར་ཚདོབརྒྱ་ཆ་60ཡས་མས་ཟིན་ཡོད། 1979ལོར་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་སྟེ་ལྷོ་ཁར་བསྟུད་མར་ལོ་10རིང་ལོ་ལེགས་བྱུང་ཡོད།  1997ལོར་འབྲུ་རིགས་ཐོན་འབོར་སྤྱི་རྒྱ་དུང་ཕྱུར་1.4བྱུང་སྟེ་1959ལོ་ལས་ལྡབ་4ལ་ཉེ་བ་འཕར་བ་དང༌། པད་ཁ་ཐོན་འབོར་སྤྱི7རྒྱ་ཁྲི་500ལྷག་ཙམ་བྱུངྱསྟེ༌1959ལོའི་སྤྱི་རྒྱ་ཁྲི་49ལས་ལྡབ་9ལྷག་ཙམ་འཕར་ཡོད་ཅིང༌། 1997ལོར་ཞིང་འབྲོག་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2.55བྱུང་བས་1959ལོའི་སྒོར་དུང་ཕྱུར་0.105ལས་ ལྡབ་23ལྷག་ ཙམ་ འཕར་ ཡོད།1959ལོའི་མཚམས་སུ་ལྷོ་ཁར་འབྲུ་རིགས་ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་2802ལས་མེད་པ་དང༌། མི་རེར་ཆ་སྙོམས་སྤྱི་རྒྱ་164ལས་ཟིན་གྱི་མེད་པས་ཞིང་འབྲོག་མང་ཆེ་བའི་ལྟོ་གོས་ཀྱི་དཀའ་ངལ་སེལ་ཐུབ་མེད། དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་40ཡི་རིང་འབད་བརྩོན་བྱས་པ་བརྒྱུད་ལྷོ་ཁར་1997ལོར་མི་རེས་ཆ་སྙོམས་སུ་འབྲུ་རིགས་ཐོན་སྐྱེད་སྤྱི་རྒྱ་450ལྷག་ཙམ་བྱས་པས་1959ལས་ལྡབ་གཉིས་ལ་ཉེ་བ་འཕར་ཏེ་ཞིང་འབྲོག་མི་རེར་འབྲུ་རིགས་སྤྱི་རྒྱ་500ལས་བརྒལ་ཡོད།1997ལོར་ཞིང་འབྲོག་མི་རེར་ཆ་སྙོམས་ཡོང་འབབ་སྒོར་775བྱུང་སྟེ་1959ལོར་སྒོར༌137ཡིན་པ་དེ་ལས་ལྡབ་4.6འཕར་ཏེ་1998ལོར་སྒོར་ཆིག་སྟོང་ལས་བརྒལ་ཡོད་པ་རེད། དེང་སྐབས་ལྷོ་ཁ་ས་ཁུལ་གྱིས་ཞིང་འབྲོག་བརྒྱ་ཆ་90ཡན་གྱི་ལྟོ་གོས་ཀྱི་དཀའ་ངལ་སེལ་ཁར་ཞིང་འབྲོག་ཁག་གཅིག་ཕྱུག་པོའི་ལམ་དུ་བགྲོད་འགོ་ཚུགས་ཡོད་དེ། སྣེ་གདོང་གི་ཞིང་པ་ཚོ་ཁུལ་ཡོངས་ཀྱི་ཕྱུག་གྲས་སུ་གྱུར་པ་དང༌།གོང་དཀར་གྱི་ཞིང་པས་མ་དངུལ་བསྡུས་ཏེ་“ཞིང་པའི་མགྲོན་ཁང་”བྱ་བ་ཐོག་མར་བཙུགས་ཡོད།
ལྷོ་ཁའི་ཞིང་འབྲོག་ལས་རིགས་ཀྱི་ཁྲོད་དུ་འབྲོག་ལས་ཀྱིས་གོ་བབ་གལ་ཆེན་བཟུང་ཡོད་དེ། རྩྭ་ཐང་ཁྱོན་སྤྱི་ཆིང་ཁྲི་2265ཡོད་པའི་ནང་ནས་སྤྱོད་གོ་ཆོད་པ་སྤྱི་ཆིངས་ཁྲི་159.1ཡོད་པས་རྨོ་ཞིང་རྒྱ་ཁྱོན་ གྱི་ ལྡབ་ 5.3 ཟིན་ གྱི་ ཡོད།1997ལོར་འབྲོག་ལས་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར༌1.81བྱུང་བས་ཞིང་ལས་ཐོན་རྫས་རིམ་ཐང་གི་བརྒྱ་ཆ་41.5ཟིན་ཡོད། 1997ལོར་ས་ཁུལ་ཡོངས་སུ་ཕྱུགས་རིགས་ཁྲི་241ཡོད་པས་1959ལོ་ལས་བརྒྱ་ཆ་67འཕར་ཡོད། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号