གཞིས་ཀ་རྩེ་ས་ཁུལ་ཡོངས་ལ་རྫོང་རིམ་པའི་གྲོང་ཁྱེར་1(གཞིས་ཀ་རྩེ་)དང་རྫོང་ཁག་17ཡོད་པ་ནི་རྒྱལ་རྩེ་དང་པ་སྣམ། ཁང་དམར། གྲོ་མོ། རིན་སྤུངས། རྣམ་གླིང༌། བཞད་མཐོང་སྨོན། ལྷ་རྩེ། ས་སྐྱ། གམ་པ། གདིང་སྐྱེས། དིང་རི། གཉའ་ལམ། སྐྱིད་གྲོང༌། ངམ་རིང༌། ས་དགའ། འབྲོང་པ་བཅས་སོ། ས་ཁུལ་ཡོངས་ལ་ཤང་ཁྱོན་བསྡོམས་218དང༌། གྲོང་མི་ཨུ་ཡོན་ལྷན་ཁང་ཁག༌།1752 གྲོང་བརྡལ་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་ཁག་28བཅས་ཡོད།
1997ལོའི་ས་ཁུལ་ཡོངས་ཀྱི་མི་འབོར་བསྡོམས་གྲངས་609228ཟིན་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་བསྡོམས་གྲངས་ཀྱི་1/4ཟིན་ཀྱི་ཡོད།དེའི་ནང་ནས་ཞིང་འབྲོག་ལས་ཀྱི་མི་འབོར་554704ཡིན་པ་ཡིས་ས་ཁུལ་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་91.1ཟིན་གྱི་ཡོད། བོད་རིགས་ཀྱིས་མི་འབོར་བསྡོམས་གྲངས་ཀྱི་བརྒྱ་ཆ་97ཟིན་པ་དང༌། དེ་མིན་མི་རིགས་ཁག་15ཡོད།ས་ཁུལ་དེར་ཤར་པ་བ༌1875ཡོད་པ་རེད།
 |