ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། དྲུག་པ། ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོབ་ཁུལ།
སྤེལ་དུས།05-04  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      ཇོ་མོ་གླང་མ་ནི་ཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་ཡིན་པ་དང༌།1993ལོའི་ཟླ་11པརོ་རྒྱལ་སྲིད་སྤྱི་ཁྱབ་བང་ནས་ཆོག་མཆན་གནང་བ་ལྟར་ཇོ་མོ་གླང་མའི་མཐའ་སྐོར་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་རེད། དེའི་མངའ་ཁོངས་སུ་དིང་རི་དང་གཉའ་ལམ།

16.jpg
སྐྱིད་རོང༌།གདིང་སྐྱེས་བཅས་རྫོང་ཁག་གི་གྲོང་བརྡལ་གཉིས་དང་ཤང་ཁག་16གཏོགས་པ་དང༌། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བའི་མ་ཁྲི་3.38དང་མི་འབོར་ཁྲི་7.6ལྷག་ཙམ་ཡོད། སྲུང་སྐྱོབ་ཁུལ་གྱི་ས་བབ་ནི་བྱང་མཐོ་ལ་ལྷོ་དམའ་བ་དང་ས་རིས་རྙོག་འཛིང་ཆེ་ལ་འགྱུར་བ་མང༌། ས་དེར་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་4200ཡིན་མོད། ས་དམའ་ཤོས་ལ་སྨི་1433ལས་མེད། བལྟོས་བཅས་ཀྱི་མཐོ་ཚད་ཧེ་བག་སྨི་7000ཡན་ཟིན་པས་ཐུན་མོང་མ་ཡིན་པའི་ལངས་གཟུགས་གྱི་གནམ་གཤིས་ཆགས་ཡོད་པ་སྟེ་“རི་བོའི་རྩེ་རུ་ནམ་དུས་ཀུན་དུ་ཁ་བའི་དབུ་ལྕོག་བརྒྱན། རི་བོའི་འདབས་སུ་དུས་བའི་འགྱུར་མེད་དཔྱིད་དཔལ་རབ་ཏུ་བཞད།རི་བོ་གཅིག་ལ་དུས་བའིའི་རྣམ་པ་མི་འདྲ་དུས་གཅིག་འཆར། གོམ་པ་བརྒྱ་ལ་མཛེས་ལྗོངས་མི་འདྲ་མངའ་བ་ཨེ་མ་མཚར་”བའི་རྣམ་པ་ཤར། རི་མཐོའི་གྲོག་རོང་དང་གངས་རི་རྣམས་ནི་བརྗིད་ཆགས་ཆེ། འཛམ་བུ་གླིང་ལ་སྨི་8000རན་ཟིན་པའི་རི་བོ་15ཡོད་པ་ལས་དེ་རུ་5ཡོད། རྩི་ཤིང་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ་བརྟག་དཔྱད་རགས་ཙམ་བྱས་པ་ལྟར་ན་མཐོ་རིམ་གྱི་རྩི་ཤིང་རིགས་2348ཡོད་པ་དང༌།ལོ་མ་རིང་བའི་གསོམ་ཤིང་དང་བོད་ཀྱི་ལོ་མ་རིང་བའི་ཐང་ཤིང་ནི་རང་རྒྱལ་དུ་ས་དེ་ཁོ་ན་ལ་ཡོད་པའི་རྩ་ཆེའི་ཤིང་སྣ་འིག་རེད། ས་བབ་དང་གནམ་གཤིས་ཀྱི་འགྱུར་བ་ལ་བརྟེན་ནས་ས་དམའ་ས་ནས་མཐོ་ས་བར་རིམ་པ་བཞིན་རི་ཁུལ་ཚ་རྒྱུད་ཀྱི་རྒྱུན་ལྗང་དང་རྒྱུན་ལྗང་ཕྱེད་ཙམ་གྱི་ལོ་མ་ཆེ་རིགས་ཀྱི་ནགས་ཚལ་དང༌། རི་ཁུལ་དྲོ་འཇམ་རྒྱུད་ཀྱི་རྒྱུན་ལྗང་ལོ་མ་ཕྲ་རིགས་ཀྱི་ནགས་ཚལ། ལོ་མ་མཁྲེགས་པོའི་རྒྱུན་ལྗང་ལོ་མ་ཆེ་རིགས་ཀྱི་ནགས་ཚལ། རི་མཐོའི་གྲང་ཁུལ་གྱི་རྒྱུན་ལྗང་ལོ་མ་ཕྲ་རིགས་ཀྱི་ནགས་ཚལ་དང་ལོ་སྐྱུར་ལོ་མ་ཆེ་རིགས་ཀྱི་ནགས་ཚལ་དང་སྡོང་ཕྲན་ནགས་རྫོབ། རི་མཐོའི་གྲང་ཁུལ་གྱི་འཁྱགས་ཀླུང་གི་སྤང་ཁ་བཅས་རེད། སྲུང་སྐྱོབ་ཁུལ་ནང་རྩ་ཆེའི་སྲོག་ཆགས་མང་པོ་འཚོ་བཞིན་པ་སྟེ་བསྡོམས་རྩིས་རོབ་ཙམ་བྱས་པ་ལྟར་ན་འོ་འཐུང་ སྲོག་ ཆགས་ རིགས་53དང༌།འདབ་ཆགས་རིགས་206སྐམ་ཆུ་གཉིས་འཚོའི་སྲོག་ཆགས་རིགས་8 གོག་བགྲོད་སྲོག་ཆགས་རིགས་6ཉ་རིགས་5བཅས་ཡོད་པ་དང༌། དེའི་ནང་རྒྱལ་ཁབ་རིམ་པའི་གཙོ་གནད་དུ་བཟུང་གས་སྲུང་སྐྱོབ་བྱེད་དགོས་པའི་སྲོག་ཆགས་རིགས་དང་པོ་སྣ་ཁ་9དང་རིགས་གཉིས་པ་སྣ་ཁ་21ཡོད། དེ་ནས་ཚ་ཁུལ་གྱི་རྩི་ཤིང་འགྱུར་རྡོ་དང་རྟ་རྨིག་གསུམ་མའི་སྲོག་ཆགས་ཁྱུ་ཚོའི་འགྱུར་རྡོ་འཕོན་ཆེན་རྙེད་པས་མཚོ་བོད་མཐོ་སྒང་འབུར་དུ་ཐོན་དོན་ལ་འིབ་འཇུག་དང་རང་བྱུང་གི་གསང་བ་འཚོལ་ཞིབ་བྱེད་ས་ཡག་ཤོས་ཤིག་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号