ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། བཅུ་གཅིག། བོན་གྱི་གདན་ས་རུ་ལག་གཡུང་དྲུང་གླིང་།
སྤེལ་དུས།05-07  ཡོང་ཁུངས།  རྩོམ་པ་པོ།

      རུ་ལག་གཡུང་དྲུང་གླིང་ནི་རྣམ་གླིང་རྫོང་ནུབ་མ་ཤང་ཡུལ་ལྷ་སྐལ་བཟང་བྱ་བའི་རི་འདབས་སུ་ཆགས་པ་དང༌།གཞིས་རྩེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་90ཡོད། དགོན་སྡེ་དེ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ཕྱག་བཏབ་པ་དང་བོད་རྒྱལ་གླང་དར་མའི་དུས་སུ་ཐོར་བཤིག་ཏུ་སོང༌། སྤྱི་ལོ༌1834ལོར་བོན་གྱི་སྐུ་གཤེན་ཟླ་བ་རྒྱལ་མཚན་གྱིས་ཏཱ་ལའི་སྐུ་ཕྲེང་བཅུ་པ་དང་པཎ་ཆེན་སྐུ་ཕྲེང་བརྒྱད་པ་དེ་བཞིན་སྲིད་

38.jpg

ཚབ་སྟག་བྲག་བསྟན་པའི་མགོན་པོ་བཅས་ཀྱིས་ཐུགས་མོས་གནང་བའི་འོག་ཉམས་གསོ་མཛད་པས་བོན་གྱི་དགོན་སྡེ་གཙོ་བོར་འགྱུར། རུ་ལག་གཡུང་དྲུང་གླིང་གི་གདུང་ཁང་དུ་མཁན་པོ་དང་ཡོངས་འཛིན་རིམ་བྱུང་གི་གདུང་རྟེན་ལྔ་དང༌།གཤེན་པའི་མཆོད་ཁང་ནང་ཟླ་བ་རྒྱལ་མཚན་གྱི་གདུང་ལྔ་རྟེན་སོགས་ཡོད།རྣལ་རྒྱལ་བླ་བྲང་དུ་སྐུ་ཚད་སྨི་12ཟིན་པའི་བོན་གྱི་རྣམ་པར་རྒྱལ་བའི་ལྷ་བཞུགས་ཡོད་པ་དང༌། སྲུང་མ་ཁང་ནང་བཀྲ་ཤིས་མཁའ་འགྲོ་མ་ལ་སོགས་པ་བཞེངས་ཡོད། ཆོས་མཛོད་ཁང་དུ་བོན་གྱི་《བཀའ་འགྱུར་》དང་《བསྟན་འགྱུར་》ལ་སོགས་པ་གསེར་བྲིས་མ་ཡོད།

39.jpg

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号