ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཆབ་མདོ། དང་པོ། ངོ་མཚར་ཆེ་བའི་གནའ་བོའི་ལོ་རྒྱུས།
སྤེལ་དུས།05-07  ཡོང་ཁུངས།  རྩོམ་པ་པོ།

10.jpg

མིང་རྒྱལ་རབས་(1368ནས༌1644ལོ་བར་)ཀྱི་མཇུག་ཏུ་སོག་པོ་ཚོ་བཞིའི་ཡ་གྱལ་གོ་ཤྲི་ཧན་བེ་རིའི་ཡུལ་དཔོན་དུ་གྱུར་རྗེས་ཆབ་མདོ་ཁུལ་ལ་དབང་བསྒྱུར་བྱས། ཆིང་རྒྱལ་རབས་ཀྱིས་(1616ནས་1911ལོ་བར་)ས་ཁུལ་དེ་དག་བླ་སྤྲུལ་དང་ཡུལ་དཔོན་འགའ་ཞིག་ལ་བདག་པོ་རྒྱག་ཏུ་བཅུག་པ་དང༌། བོད་སྡོད་ཨམ་བན་དང་ཏཱ་ལའི་བླ་མས་དོ་དམ་གནང༌། ཆིང་རྒྱལ་རབས་ཀྱིས་ཆབ་མདོར་འབྲུ་རིགས་ས་ཚིགས་བཙུགས་པ་དང༌། ཕོགས་དཔོན་དང༌། ཡུལ་སྲུང་གི་ཞི་དྲག་དཔོན་རིགས་ཀྱང་མངགས་པ་མ་ཟད་སི་ཁྲོན་དང་ཡུན་ནན་ནས་ཆབ་མདོའི་བླ་སྤྲུལ་ཆེ་ཁག་དང་ཕོགས་དཔོན་སྲུང་མཁན་དང་གསེར་སླན་དང་དྲལ་ཙེ་སྒྲོན་མཁན་དམག་མི་130མངགས་སྡོད་བྱས།ཆིང་རྒྱལ་རབས་ཀྱི་མཐའ་མཇུག་ཏུ་ཀྲའོ་འར་ཧྥུང་གིས་ཆབ་མདོའི་ས་ཁུལ་འགའ་རེར་ས་ཞིང་བཅོས་བསྒྱུར་བྱས་པ་དང༌།ཆབ་མདོ་ཁུལ་ལ་སི་ཁྲོན་གྱི་མཐའ་ཁུལ་ཞེས་པའི་མིང་བསྒྱུར་བྱས། མིན་སོ་སྲིད་གཞུང་(1912ལོ་)གི་རྗེས་སུ་ནུབ་ཁམས་ཞིང་ཆེན་གྱི་ཆ་ཤས་ཡིན།1918ལོར་བོད་ས་གནས་སྲིད་གཞུང་གིས་དེ་ཁུལ་དུ་མདོ་སྨད་ཅེས་མིང་བསྒྱུར་བྱས་པ་དང༌། “མདོ་སྨད་སྤྱི་ཁྱབ་”བཙུགས་ཤིང༌། ཆབ་མདོ་ཁུལ་དུ་རྫོང་25བཙུགས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号