ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཆབ་མདོ། གསུམ་པ། ཆབ་མགོར་ཡུལ་སྐོར་བྱེད་པ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
དབང་རབ་ཏུ་འཕྲོག་ངེས་པ་མ་ཟད་དེ་ཁུལ་ལྷ་སྒྲུང་གི་བཤད་རྒྱུན་མང་པོའང་རྣ་བར་འཇེབས། ལྷོ་རོང་ཁོངས་ཀྱི་སྒྲོལ་མ་ཉེར་གཅིག་གི་བླ་མཚོར་འབོད་པའི་མཚོ་ཕྲན་དེ་དག་མཁའ་དབྱིངས་ཀྱི་རྒྱུ་སྐར་གྲམ་པ་བཞིན་དུ་ངོ་མཚར་ཆེ་བས་དེ་ལས་བྲལ་བར་མི་སྤྲོ་བའི་སྣང་བ་འཆར་ངེས་ཡིན།
29.jpg
ཆབ་མདོར་ནད་བཅོས་ལ་ཕན་པའི་ཆུ་ཚན་ཡང་སྣ་ཚོགས་ཡོད་དེ། རི་བོ་ཆེའི་གཡས་རུའི་ཆུ་ཚན་དང༌། ཆབ་མདོ་རྫོང་ཝ་མེ་ཁའི་ཆུ་ཚན། འཇོ་མདའི་ཆུ་གཉིས་མདོའི་ཆུ་ཚན། སྟེང་ཆེན་སྤུ་ཐོག་ཁའི་ཆུ་ཚན། མཛོ་སྒང་སྨད་ཡུལ་གྱི་ཆུ་ཚན་སོགས་པ་ཚང་མ་ནད་བཅོས་ལ་ཕན་པའི་ཆུ་ཚན་ཡིན།
   གཞན་ཡང་ད་བར་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་བར་འདས་པའི་ཆབ་མདོའི་མཁར་རོ་ནི་བོད་ཁོངས་སུ་རྙེད་པའི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་ཤུལ་ཡིན་ཞིང༌། ཆབ་མདོའི་སྔོན་བྱོན་པ་ཚོས་གཏོད་པའི་དཔལ་ཡོན་ཡིན་པ་དང༌། མཁར་རོ་ནས་རྒྱང་ཐག་སྤྱི་ལེ་20ཙམ་གྱི་སར་མཆིས་པའི་དངུལ་མདའི་གནའ་ཤུལ་མཁར་རོ་ལས་ཕྱི་བ་དང་ད་བར་ལོ་ངོ་3700ལྷག་ཙམ་ལས་མ་འདས་ཀྱང་རིག་ཁོངས་མཚུངས་པ་དང་མཁར་རོའི་ཤུལ་ལས་སྔོན་ཐོན་ཆེ། དཔའ་ཤོད་ཀྱི་བྲག་བརྐོས་ནི་ལོ་དུས་མང་པོ་འདས་ཤིང༌། ནང་དོན་ཕུམ་སུམ་ཚོགས་པ་དང༌། རྐོ་སྟབས་བདེ་བའི་ཐོག་ནས་གནའ་དུས་ཀྱི་རི་དྭགས་རྔོན་ཚུལ་དང་གཡུལ་འཐབ་ཚུལ་སོགས་བརྐོས་ཡོད། གོ་འཇོའི་ཀོ་བཏུམ་དུར་ཁང་ནི་བོད་ཤར་ཁུལ་གྱི་གནའ་ཤུལ་གལ་ཆེན་ཡིན་ཞིང༌།   ད་བར་ལོ་ངོ་2200འདས། བོན་དགོན་རྩེ་དྲུག་དགོན་པ་བཞེངས་ཆས་ལོ་ངོ་2000
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号