ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། གཉིས་པ། མངའ་རིས་ས་ཁུལ་གྱི་ལོ་རྒྱུས་འཕེལ་རིམ། ―མངའ་རིས་སྐོར་གསུམ་གྱི་བྱུང་ཚུལ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

       མངའ་རིས་གནའ་དུས་སུ་བོད་ཁུལ་སྔ་རབས་ཀྱི་“རྒྱལཕྲན་བཅུ་གཉིས་”ཀྱི་ཡ་གྱལ་ཞིག་ཡིན་ཞིང༌། རྒྱ་རིགས་ཀྱི་ལོ་རྒྱུས་ནང་“羊同”སྟེ་“ ཡ་ཐོག”ཞེས་གསལ། ཡ་ཐོག་དེ་རིམ་གྱི་འཕེལ་རྒྱས་བརྒྱུད་སྤྱི་ལོའི་དུས་རབས་4―5ཙམ་ལ་ཞང་ཞུང་རྒྱལ་

6.jpg

 

7.jpg

རབས་བཙུགས་ཤིང། མངའ་ཐང་རྒྱས་པའི་དུས་སུ་མངའ་ཁོངས་དེ་ཕྱི་དབུས་ནང་བཅས་ཁག་གསུམ་ལ་དབྱེ་བ་དང་། ནང་ཞང་ཞུང་ནི་ད་ལྟའི་མངའ་རིས་ཁུལ་རྣམས་ཡིན། སྤྱི་ལོའི་དུས་རབས་བདུན་པར་ལྷོ་ཁའི་ཡར་ཀླུང་གཙང་པོའི་རྒྱུད་ལ་ཐུ་བོད་རྒྱལ་རབས་བཙུགས་ཤིང༌། སྤྱི་ལོ་644 ཙམ་དུ་དམག་བཏང་སྟེ་ཞང་ཞུང་དབང་དུ་བསྡུས་པས་ཐུ་བོད་ཀྱི་ཁུལ་ཡོངས་ཀྱི་གཅིག་གྱུར་མངོན་གྱུར་བྱུང་བ་རེད། སྤྱི་ལོ་842 ལོར། ཐུ་བོད་ཀྱི་རྒྱལ་པོ་མཐའ་མ་གླང་དར་མའི་སྐབས་ནང་ཁུལ་འགལ་ཟླ་རྣོ་ངར་ཆེ་རུ་ཕྱིན་ནས་རྒྱལ་པོ་བསད་པ་དང༌། རྒྱལ་པོ་ཤི་རྗེས་རྒྱལ་སྲས་གཉིས་རྒྱལ་སྲིད་ལ་མ་འཆམ་པར་སོ་སོར་གྱེས་ཏེ་གཅིག་འོག་གཅིག་ལ་མི་འདུས་པར་གྱུར། གླང་དར་མའི་ཚ་བོའི་སྐབས་སུ་མི་སེར་དང་

8.jpg

བྲན་གཡོག་གི་འོས་ལངས་བྱས་པས་རྒྱལ་ཁང་གཉིས་ཀར་རྒོལ་རྡུང་ཕོག་པ་དང༌།གླང་དར་མའི་བུ་འོད་སྲུང་གི་རྒྱུད་པ་སྐྱིད་ལྡེ་ཉི་མ་མགོན་ཡ་ཐོག་ཕྱོགས་སུ་བྲོས་ཤིང་དེར་སྐུ་དྲག་གི་བུ་མོ་ཞིག་དང་གཉེན་སྒྲིག་བྱས་པས་ཕྲུ་གུ་གསུམ་སྐྱེས་་ཤིང༌། ནར་སོན་རྗེས་དེ་དག་ལས་བུ་ཆུང་ཤོས་ལྡེ་གཙུག་མགོན་གྱིས་ད་ལྟའི་རྩ་མདའ་རྫོང་ལྟེ་བ་བྱས་པའི་ས་ཆ་འགའ་བཟུང་བས་གུ་གེའི་གཙོ་འཛིན་དུ་གྱུར།དེ་ནས་བཟུང་ཐུ་བོད་ཀྱི་དེ་སྔའི་ཁོངས་གཏོགས་ཀྱི་ཡ་ཐོག་ཆེ་ཆུང་ཚང་མར་རིམ་གྱིས་མིང་བསྒྱུར་ནས་“མངའ་རིས་སྐོར་གསུམ་”དུ་འབོད་ཅིང༌། སྤྱི་ལོའི་དུས་རབས་13 ལ་བོད་ཡོན་གྱི་མངའ་འོག་ཏུ་འདུས་(1206―1368)པ་དང་བསྟུན་ནས་མངའ་རིས་ས་ཁུལ་གྱི་ལས་དོན་རྣམས་ས་སྐྱའི་སྲིད་དབང་ལ་ཐག་གཅོད་དུ་བཅུག་ཅིང༌། མིང་ཆིང་སྐབས་(1368-1911)བོད་ལ་དོ་དམ་བྱེད་པའི་ཐད་ཡོན་གྱི་ལུགས་སྲོལ་རྙིང་པ་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号