ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། བཞི་པ། མངའ་རིས་གླང་བཅུ་ས་འོག་ཚ་ནུས་གློག་ཁང་གི་ལས་གྲྭ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཕྱིན་རྗེས་ལས་མཚམས་ཆད་པས་1998 ལོར་རྒྱལ་ཁབ་ཀྱིས་སླར་ཡང་མ་དངུལ་སྒོར་ཁྲི་870གླང་བཅུ་ས་འོག་ཚ་ནུས་ཞིང་ཁར་ས་གཤིས་ལས་ཀ་ཁ་གསབ་བྱས་པ་རེད།
1993 ལོར་རྒྱལ་ཁབ་ཀྱིས་སླར་ཡང་ས་འོག་ཚ་ནུས་གློག་ཁང་འདིར་བཟོ་བཅོས་བྱ་རྒྱུའི་ཆོད་སེམས་བཞག་ཅིང༌།ཁོང་ཚོས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མངའ་རིས་ས་ཁུལ་ས་འོག་ཚ་ནུས་ཀུང་སི་ལ་ལས་གྲྭ་འདིར་ལྟ་ཞིབ་བྱེད་རྒྱུའི་ལས་འགན་སྤྲད་པ་དང༌།མཐར་ལས་གྲྭ་དེ་བོད་སྐྱོར་རྣམ་གྲངས་62 ཀྱི་ལས་གྲྭའི་ཁོངས་སུ་བཞག་ནས་གྲོན་དངུལ་སྒོར་ཁྲི་660གྲ་སྒྲིག་བྱས་ཏེ་བོད་ལྗོངས་ས་འོག་ཚ་ནུས་གསར་སྤེལ་ཀུང་སིར་གློག་ཁང་འདི་བཟོ་བཅོས་ལས་གྲྭའི་འགན་འཁུར་དུ་བཅུག་པ་རེད།
39.jpg
   ལས་གྲྭ་དེ་1994 ལོའི་ཟླ་བ་7པའི་ཚེས་10ཉིན་ལས་འགོ་ཚུགས་ཤིང༌།ས་འོག་ཚ་ནུས་ལས་བཟོ་པ་50ལྷག་ཙམ་གྱིས་ཟླ་བ་གསུམ་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། གླང་བཅུ་ས་འོག་ཚ་ནུས་གློག་ཁང་དེ་ལོ་དེའི་ཟླ་བ་9 པའི་ཚེས་5ཉིན་གློག་འདོན་སླར་གསོ་བྱུང་བ་དང༌། ཟླ་བ་གཅིག་ཙམ་དངོས་སུ་འགུལ་སྐྱོད་བྱས་པ་བརྒྱུད། ཟླ་བ་10པའི་ཚེས་11 ནས་16 བར་བོད་རང་སྐྱོང་ལྗོངས་ནས་སྒྲིག་འཛུགས་བྱས་པའི་ཆེད་ལས་ཚོགས་ཆུང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་དང༌། ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་རྣམ་གྲངས་33ལ་ཞིབ་དཔྱད་ཚད་ལེན་བྱས་པ་རེད།ལེགས་བཅོས་བྱས་རྗེས་གློག་ཁང་གི་ཚ་ནུས་ལས་ཆོད་དེ་སྔོན་མའི་ཧྲེང༌1.5ནས་2.0ལ་འཕར་ཡོད་པས་བརྒྱ་ཆ་33མཐོ་རུ་ཕྱིན་ཡོད། གློག་ཁང་གིས་མུ་མཐུད་གློག་གཏོང་ཚད་ཆན་ཝ་ཁྲི་35ཟིན་ཞིང༌། འཕྲུལ་ཆས་རྐྱང་པས་ནུས་ཤུགས་ཝ་700―1000བར་འདོན་རྒྱུའི་དམིགས་ཡུལ་དེ་མངོན་གྱུར་བྱུང་བ་རེད།
བསྒྱུར་བཅོས་ལེགས་འགྲུབ་བྱས་་་རྗེས་གླང་བཅུ་ས་འོག་ཚ་ནུས་གློག་ཁང་གིས་ལོ་ཧྲིལ་པོར་གློག་གཏོང་ཚད་ཆན་ཝ་ཁྲི་400 ཟིན་པ་དང༌། ལས་གྲྭའི་ནང་བེད་སྤྱོད་པའི་གློག་ཕུད་སེང་གེ་ཁ་འབབ་གྲོང་བརྡལ་ལ་གློག་ཆན་ཝ་ཁྲི་300བཏང་ནས་སེང་གེ་ཁ་འབབ་གྲོང་བརྡལ་གྱི་གློག་བཞུ་དང་ཐོན་སྐྱེད་ལ་གློག་བེད་སྤྱོད་པའི་ཁ་ཚ་དགོས་ཐུག་གི་གནས་བབ་སེལ་བས་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号