ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། བརྒྱད་པ། བོན་ཆོས་ཀྱི་སྤྲུལ་སྐུ―བསྟན་འཛིན་དབང་གྲགས།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

        བསྟན་འཛིན་དབང་གྲགས་ནི་བོན་ཆོས་ཀྱི་སྤྲུལ་སྐུ་ཞིག་ཡིན་ལ་སྨན་བཅོས་ལགཙོལམཐོ་བའི་བོད་སྨན་སྨན་པ་ཞིག་ཀྱང་ཡིན།

བོད་ཀྱི་མངའ་རིས་ས་ཁུལ་ལ་ཐོག་མར་བྱུང་བའི་གདོད་མའི་ཆོས་ལུགས་―བོན་ཆོས་དེ་ནང་ཆོས་ཀྱི་དར་འཕེལ་དང་བསྟུན་ནས་
72.jpg
སྟོབས་ཤུགས་ཉམས་ཤིང༌།མངའ་རིས་ས་ཁུལ་དུ་བོན་ཆོས་ཀྱི་དགོན་པ་གུ་རུ་བྱང་གཅིག་པུ་མ་གཏོགས་ལྷག་མེད་པ་དང༌། བོན་ཆོས་ཀྱི་སྤྲུལ་སྐུ་ཡང་ཆེས་མཐའ་མ་དེ་ཁོང་ཡིན་པར་རྩིས་ཆོག མངའ་རིས་ས་ཁུལ་ལ་སྙན་གྲགས་ཆེ་བའི་བོན་ཆོས་སྤྲུལ་སྐུ་དེ་ད་ལྟ་ས་ཁུལ་ནང་ཆོས་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་ཀྱི་ཡོད། མི་རྣམས་ཀྱིས་བོན་ཆོས་ལ་ངོས་འཛིན་དང་ཤེས་རྟོགས་བྱ་རྒྱུར་རོགས་རམ་བྱ་ཆེད་་ཁོང་གིས་ལོ་བཅུ་ལྷག་ཙམ་བེད་སྤྱད་ནས་《བོན་ཆོས་ཀྱི་འབྱུང་ཁུངས་》སོགས་རིག་གཞུང་གི་རིན་ཐང་ཡོད་པའི་བོད་ཡིག་ཆེད་རྩོམ་སྤེལ་གནང་ཡོད། ཁོང་གིས་ལོ་ལྟར་དུས་ཚོད་མང་པོ་ཞིག་བེད་སྤྱད་ནས་མངའ་རིས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་བོད་སྨན་ཞིབ་འཇུག་གི་འཕེལ་རྒྱས་ལ་སྐུལ་མ་གཏོང་གི་ཡོད་པ་རེད། ཁོང་གིས་གཙོ་སྐྱོང་གནང་ནས་མངའ་རིས་ས་ཁུལ་སྨན་རྩིས་ཁང་བཙུགས་པ་དང་མཉམ་དུ་ཡོན་ཀྲང་ཀྱང་གནང་བ་རེད།
73.jpg
ཁོང་གིས་མངའ་རིས་ཀྱི་མི་རྣམས་ལ་རང་ཉིད་ཀྱི་སྨན་དོན་མི་སྣ་གསོ་སྐྱོང་བྱ་ཆེད་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ལས་ཀ་བྱེད་རྒྱུའི་གོ་སྐབས་བསྐྱུར་ནས་གངས་ཏི་སི་བོད་སྨན་སློབ་གྲྭ་འཛུགས་གནང་མཛད་པ་དང་སློབ་སྤྱི་ཡང་གནང་བ་རེད། ཁོང་གིས་ནད་གཟིགས་སྐབས་ནད་པར་བྱམས་བརྩེ་ཆེ་བ་དང༌། དེ་བཞིན་རྒྱལ་ཁབ་དང་སྲིད་གཞུང་གིས་སྤྲད་པའི་རོགས་དངུལ་རྣམས་གསོག་འཇོག་བྱས་ཏེ་བསྡོམས་དངུལ་སྒོར་ཁྲི༌100ལྷག་ཙམ་ཡོད་པ་རྣམས་མངའ་རིས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་དང༌། གནོད་འཚེ་ཕོག་ཁུལ་དེ་བཞིན་ལྟོ་གོས་ཀྱིས་དབུལ་བའི་མི་རྣམས་ལ་ཞལ་འདེབས་སུ་འབུལ་གྱི་ཡོད་པ་དང༌། ཁོང་རང་ཉིད་ཀྱི་རྒྱུན་གཏན་གྱི་འཚོ་བ་ནི་ཆེས་སྤྱིར་བཏང་ཞིག་ཡིན།ཁོང་གིས་“རྒྱལ་ཁབ་དང་མང་ཚོགས་ཀྱིས་ང་ལ་སྤྲད་པ་རྣམས་ངས་རྒྱལ་ཁབ་དང་མང་ཚོགས་ལ་སྤྲོད་དགོས་རེད་”ཅེས་གསུངས་ཀྱི་ཡོད་པ་རེད།
ཁོང་གི་བཞུགས་གནས་ནི་སེང་གེ་ཁ་འབབ་གྲོང་བརྡལ་གྱི་ཅུང་དམིགས་བསལ་ཆེ་བའི་གནས་ཞིག་སྟེ་རྒྱང་ནས་བལྟས་ན་དགོན་པ་འདྲ་བ་ཞིག་ཡོད་པ་དེར་བཞུགས་ཀྱི་ཡོད་ཅིང༌། དེ་ནི་ཁོང་གི་གཟིམ་ཁང་ཡིན་ལ་ཆོས་ཁང་ཡང་ཡིན་པ་མ་ཟད་སྨན་ཁང་ཡང་ཡིན་པ་རེད།དགུང་ལོ་77ལ་སོན་པའི་ཁོང་གི་སྐུ་གཟུགས་ཅུང་རིང་བ་དང༌། རྒྱུན་དུ་་སྐྱིལ་ཀྲུང་དུ་བཞུགས་པའི་རྐྱེན་གྱིས་སྟོད་སྒུར་ཙམ་ཡོད་པ་རེད། འོན་ཀྱང་སྙན་ཅོག་འོན་མེད་ལ་སྤྱན་མི་གསལ་བ་མེད་པར་སྔར་བས་ཐང་ཤ་དོད་པ་ཡོད།ཁོང་གིས་རྒྱུན་དུ་སྐད་ཆ་མང་པོ་བཤད་སྲོལ་མེད་ཅིང༌། ནད་གཟིགས་སྐབས་རྩ་བལྟ་བ་དང༌། འདྲི་བ། སྣོམ་པ་བཅས་བྱས་ནས་ནད་བཅོས་ཀྱི་ཡོད་ཅིང༌།ནད་པ་རྣམས་ས་ཆ་གང་ནས་ཡིན་པ་དང་དངུལ་སྤྲད་མ་སྤྲད་སོགས་ལ་མི་ལྟོས་པར་ཚང་མར་རྣམ་འགྱུར་གཅིག་ཡིན་པ་དང༌། ད་དུང་ཐག་རིང་གི་འགྲུལ་པ་རྣམས་ལ་སྡོད་ས་ཡང་བཀོད་སྒྲིག་བྱེད་ཀྱི་ཡོད་པ་རེད། ལོ་ལྟར་དགུན་ཁ་ཁོང་་སེང་གེ་ཁ་འབབ་གྲོང་དང་བར་ཐག་སྤྱི་ལེ་275 ཡོད་པའི་རི་ཁྲོད་ཀྱི་གུ་རུ་བྱང་དགོན་དུ་ཞུགས་ཀྱི་ཡོད། ཁོང་པ་ཆེན་རྫོང་ནས་ཡིན་ཞིང༌། ལོ་5ལ་ནང་ནས་དོན་པ་དང་ལོ་16 ལ་དགེ་བཤེས་ཀྱི་མཚན་གནས་ཐོབ། ལོ་23 ལྷག་ཙམ་བོད་སྨན་ལ་སྦྱངས་པ་མཛད་པ་དང༌།དཀའ་སྤྱད་འབད་བརྩོན་གནང་བས་ཆོས་ལུགས་དང༌། ལོ་རྒྱུས། བོད་ཡིག་བརྡ་སྤྲོད།  གནམ་རིག་སྐར་རྩིས།བོད་སྨན་བཅས་ཀྱི་ཐད་མྱོང་བ་ཕུན་སུམ་ཚོགས་པོ་ཡོད་པ་རེད། ད་ཆ་ཁོང་གིས་་མངའ་རིས་ས་ཁུལ་དུ་གསོ་སྐྱོང་བྱས་པའི་བོད་སྨན་སྨན་པ་200 ལྷག་ཙམ་རང་ཉིད་ཀྱིས་སྨན་བཅོས་བྱེད་ཤེས་ཀྱི་ཡོད།ཁོང་གིས་གཙོ་སྐྱོང་བྱས་པའི་གངས་ཏི་སི་བོད་སྨན་སློབ་གྲྭ་དེ་1984ལོའི་ཟླ་བ་10པའི་ཚེས་10ལ་སློབ་འགོ་ཚུགས་ཤིང་ཐོག་མར་ས་ཕྱོགས་ཁག་གི་སློབ་མ་40ཡོད་རེད། མངའ་རིས་གྱི་ལོ་རྒྱུས་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号