ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། བརྒྱད་པ། སྨན་བཅོས་འཕྲོད་བསྟེན།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

ལོ་དེའི་ཟླ་9པར་ལྷུན་རྩེ་དང༌། ལྷོ་བྲག་གོང་དཀར་གསུམ་དུའང་སྨན་བཅོས་ས་ཚིགས་བཙུགས། དེ་རྗེས་ཀྲུང་དབྱང་སྲིད་གཞུང་གིས་ནང་ས་ནས་སྨན་བཅོས་འཕྲོད་བསྟེན་མི་སྣ་རིམ་པར་མངགས་གཏོང་གནང༌། 1997ལོར་ས་ཁུལ་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་195དང༌། ནད་ཁྲི་747ཡོད་པས་མི་གྲངས་ཆིག་སྟོང་རེར་ནད་ཁྲི་2.45རེ་ཟིན། འཕྲོད་བསྟེན་ལག་ལག་རྩལ་པ་3.11རེ་ཟིན་པ་དེ་དག་ཁྲོད་དུ་འབུམ་རམས་སྨན་པ་གཞོན་པ་15དང༌། རབ་བྱམས་སྨན་པ་89ཡོད།གྲངས་ཉུང་མི་རིགས་ཀྱི་འཕྲོད་བསྟེན་ལག་རྩལ་པ་735ཡོད་པས་བརྒྱ་ཆ་83.3ཟིན་ཡོད། ལྷོ་ཁའི་མི་དམངས་སྨན་ཁང་དུ་ནད་ཁྲི་140ཡོད་པ་དང༌། ལོ་རེར་ནད་པ་ཐེངས་གྲངས་ཁྲི་6.7ཙམ་སྨན་བཅོས་བྱེད་ཀྱིན་ཡོད། ད་ལྟ་སྨན་བཅོས་བྱས་ནས་དྲགས་ཚད་སྐྱེད་བྱུང་བརྒྱ་ཆ་75.5ཟིན་གྱི་ཡོད་ལ་དེ་མིན་སྨན་ཁང་དུ་སྨན་བཅོས་ཡོ་བྱད་སྔོན་ཐོན་གྱི་ཡང་མང་པོ་ཡོད།
1970ལོའི་ཟླ་10པར་ལྷོ་ཁར་རིམས་འགོག་ས་ཚིགས་བཙུགས་པ་དང༌།དེ་རྗེས་རྫོང་ཁག་12ལའང་དེ་ལྟརབཙུགས། 1972ལོར་ཁུལ་ཡོངས་སུ་མཛེ་ནད་འགོག་པའི་སྨན་ཁབ་བརྒྱབ།
       1986ལོ་ནས་བཟུང་སྟེ་ས་ཁུལ་ཡོངས་སུ་བྱིས་པའི་སྦྲིད་ནད་དང༌། སིབ་བི།   ལུ་ནད། འཛུམ་བུ་ལྟག་དགྱེ་སོགས་པའི་ནད་འགོག་པའི་སྨན་ཁབ་རྒྱག་ཚད་བརྒྱ་ཆ་96.55ཟིན་ཡོད།
1985ལོའི་ཟླ་9ཚེས་21ཉིན་ས་ཁུལ་གྱི་མ་བུ་བདེ་སྲུང་ཁང་དངོས་སུ་བཙུགས་པ་དང༌། 1990ལོའི་ལོ་མཇུག་བར་དུ་རྫོང་12པོ་ཚང་མར་མ་བུ་བདེ་སྲུང་ཤང་བཙུགས་ཟིན། ལས་དོན་འདི་གང་མྱུར་འཕེལ་རྒྱས་གཏོང་ཕྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་ལྗོངས་འཕྲོད་བསྟེན་སྡེ་ཚན་གྱིས་རྟོག་ཞིབ་ཐེངས་མང་བྱས་པའི་རྨང་གཞིའི་ཐོག་ལྷོ་ཁ་ཁུལ་དང་མཉམ་ལས་བྱ་རྒྱུའི་གན་རྒྱ་བཞག་ནས་སྨན་བཅོས་སྒྲིག་ཆས་དང་འགྲིམ་འགྲུལ་སོགས་པའི་ཐད་རོགས་སྐྱོར་གནང་བ་རེད།
ལྷོ་ཁའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་1973ལོ་ནས་1994ལོ་བར་ཀྲུང་གོའི་ཞིང་ཆེན་གཞན་དག་ཧོ་ནན།ཅང་སུའུ། ཧྲང་ཧའེ་སོགས་ཀྱིས་སྔ་ཕྱིར་སྨན་བཅོས་རུ་ཁག་ཁག་30སྟེ་མི་ཐེངས་གྲངས་416ཙམ་མངགས་ནས་སྨན་བཅོས་ལག་རྩལ་སོགས་པ་གང་ཅིར་རོགས་རམ་བྱས་པས་1951ལོར་ཚེ་ཚད་ཆ་སྙོམས་ལོ་36ཡིན་པ་ནས་1997ལོར་ལོ་65བར་རིང་དུ་སོང་བ་དང༌། མི་འབོར་འཕར་ཚད་སྟོང་ཆ་12ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། 1982ལོར་ལྷོ་ཁའི་བོད་སྨན་ཁང་བཙུགས་ཤིང༌།ལས་བཟོ་པ་108ཡོད་པའི་ནང་ནས་སྨན་པ་77(འབུམ་རམས་སྨན་པ་གཞོན་པ་61དང༌། སྨན་སྤྲོད་རབ་འབྱམས་པ༌1རབ་འབྱམས་སྨན་པ་6 བསྡུས་ར་སྨན་པ་38བཅས་)ཡོད་པ་དང༌། ནད་ཁྲི་80ཡོད་པས་ཉིན་རེར་ནད་པ་ཐེངས་གྲངས་100ཙམ་སྨན་བཅོས་བྱེད་བཞིན་ཡོད། བོད་ཀྱི་ས་ཁུལ་རིམ་པའི་གསོ་རིག་སློབ་གྲྭ་སྟེ། སྲོང་བཙན་གསོ་རིགསློབ་གྲྭ་བྱ་བ་དེ༌1992ལོར་འཕྱོངས་རྒྱས་སུ་བཙུགས། རྫོང་ཁག་ཏུའང་1985ལོ་ནས་བཟུང་སྔ་ཕྱིར་བོད་སྨན་ཚན་ཁག་བཙུགས་ཡོད།
1992ལོའི་ཟླ་11པར་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་དང་ལྷོ་ཁ་བོད་སྨན་ཁང་གིས་མཉམ་འབྲེལ་ཐོག་པེ་ཅིན་དུ་“པེ་ཅིན་བོད་སྨན་ཁང་”བཙུགས་ནས་རྒྱལ་ཕྱི་རྒྱལ་ནང་གི་ནད་པ་ཐེངས་གྲངས་25400ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང༌། རྒྱལ་ཁབ་20ལྷག་ཙམ་གྱི་ཚན་རྩལ་ཞིབ་འཇུག་པ་ལྟ་སྐོར་དུ་ཕེབས། སྨན་ཁང་དེས་ཐེན་ཅིན་དུ་ཁོངས་གཏོགས་སྨན་ཁང་བཙུགས་ཤིང༌།   ཧྲེན་ཀྲེན་དང༌།   ཧྲང་ཧའེ། ཁྲེན་ཏུའུ། ཞི་ཨན་སོགས་པའི་གྲོང་ཁྱེར་གྱིས་ཀྱང་བོད་སྨན་ཁང་འཛུགས་རྒྱུའི་རེ་བ་བཏོན་པས་བོད་ཀྱི་གསོ་རིག་གོང་དུ་སྤེལ་བར་རིན་ཐང་ཆེན་པོ་ལྡན། དེ་མིན་ས་ཁུལ་གྱི་བོད་སྨན་བཟོ་གྲྭས་བོད་སྨན་སྣ་ཁ་170ཙམ་བཟོ་བཞིན་ཡོད་པ་དེ་དག་གི་ནང་རིན་ཐང་བྲལ་བའི་སྨན་སྣ་8ཡོད་པ་དང༌།མུ་ཏིག་བདུན་ཅུ་དང༌། མང་སྦྱོར།གཡུ་ཉིང་ཉེར་ལྔ་སོགས་ནི་རྒྱལ་ཁབ་ཕྱི་ནང་དུ་གྲགས་པ་ཆེ་བས་འཛད་སྤྱོད་པའི་དགོས་མཁོ་སྐོང་ཁག་ཙམ་ཡོད་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号