ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར།
སྤེལ་དུས།04-22  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
 ཇོ་བོའི་ཆོས་ཆུང་བརྒྱ་རྩ་ཡོངས་རྫོགས།    རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཐུབ་དབང་གི་བསྟོད་པ་བདུད་དཔུང་ཕྱེ་མར་འཐགས་པ། མི་ཆོས་གནད་ཕྲེང༌། དཔེ་ཆོས་རིན་སྤུངས། ཡིག་ཆུང་ཉེར་གཅིགའདུལ་བའི་གླེང་འབུམ་ཆེན་མོ་བཅས་ཀྱི་ལུང་རྣམས་གསན། དེ་ལྟར་མང་དུ་ཐོས་པ་རྒྱ་ཆེར་འཚོལ་བར་མཛད་ཅིང༌། དེ་དག་གི་སྐབས་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ཀྱི་དོན་ལ་རིགས་པས་དཔྱད་པ་ན་བདེ་བ་འདོད་ཀྱང་རྨོངས་ནས་སྡུག་བསྔལ་གྱི་རྒྱུ་སྒྲུབ་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དང་མི་རྟག་སྡུག་བསྔལ་སྟོང་པའི་ངང་ཚུལ་དགོངས་ནས་ངེས་འབྱུང་ཤུགས་དྲག་པོ་དང་སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་ལ་སློབ་འདོད་ཤུགས་དྲག་འཁྲུངས་ཤིང༌། ལྷག་པར་རྗེ་ཐམས་ཅད་མཁྱེད་པས་དེང་སང་གི་བྱེད་སྤྱོད་ལྟར་ཆུང་ངུ་ནས་བླ་ཆེན་གྱི་ཚུལ་བཟུང་ནས་ཆེ་སྒྲོབ་བྱེད་པ་འདི་འདྲ་མིན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ནས་བཟུང་མཁས་དང་གྲུབ་པའི་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ་གདམས་པ་གསན་པ་དང༌། གྲྭ་ས་ཆེན་པོ་རྣམས་སུ་མཁས་པ་བློ་གསལ་དོན་གཉེར་ཅན་རྣམས་དང་མཉམ་འགྲེ་མཛད་དེ་གཞུང་ལུགས་ལ་མཐའ་ཆོད་པར་སྦྱང་བར་མཛད་པ་དང༌། ལྷག་པར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀས་བསྐུལ་ཏེ་འཁོར་དག་པ་རྣམ་བརྒྱད་དང་བཅས་བྱ་བྲལ་ལ་ཕེབས་ནས་དབེན་པའི་རི་སུལ་རྣམས་སུ་དཔོན་མེད་གཡོག་མེད་སྤྱོད་པ་རང་དབང་འདུས་པའི་བྱ་བྲལ་གྱི་བརྟུལ་ཞུགས་ལ་གནས་ཏེ་འཚོ་བ་དཀའ་ཐུབ་མཛད་ཅིང་དཔག་པར་དཀའ་བའི་བསག་སྦྱང་མཛད་པའི་རྣམ་ཐར་དེ་དག་ལ་བསམས་ན་བདག་ནི་བླ་ཆེན་གྱི་གོ་སར་སྦྱིན་བདག་གྲྭ་རིགས་མང་པོའི་གཞན་དབང་དུ་སོང་སྟེ་ཕ་བླ་མའི་རྣམ་ཐར་སྐྱོང་བའི་དབང་མེད་པ་འདི་ལྟ་བུ་སྙམ་དུ་ཐུགས་ཤིན་ཏུ་སྐྱོ་ནས་སྤྱན་ཆབ་རྒྱུན་མ་ཆད་པར་བྱུང་ཞིང་རྗེ་བླ་མའི་རྣམ་ཐར་ལ་སྨོན་པའི་གསུང་མགུར་འདི་ལྟར་མཛད་དེ།   ན་མོ་གུ་རུ་སུ་མ་ཏི་ཀྰིརྟི་ཡེ། ཕུལ་བྱུང་བློ་གྲོས་ཟབ་ཡངས་ཡིད་བཞིན་མཚོར།།བསླབ་གསུམ་རྣམ་དག་རིམ་གཉིས་ནོར་བཟང་པོས།། ལེགས་གཏམ་ཡིད་ཅན་ཡོངས་ཀྱི་རེ་སྐོང་ཞེས། །གྲགས་པའི་རླབས་ཕྲེང་སྲིད་གསུམ་གཡོ་ཁྱོད་རྒྱལ། །གདེངས་ཅན་དབང་པོའི་ཚོགས་ཀྱི་གཙུག་རྒྱན་བཞིན།   །གང་གི་ཞབས་སེན་པད་རག་མདངས་ཆགས་པ། །སྤྱི་བོ་བདེ་ཆེན་འཁོར་ལོའི་སྟེང་བཀོད་ནས། །བྱང་ཆུབ་སྙིང་པོའི་བར་དུ་མཆོད་ལ་བརྩོན། །ཉི་འོད་གཅིག་གིས་གྲངས་མེད་སྐར་མའི་ཚོགས། ། ཕམ་པར་བྱེད་བཞིན་ཁྱོད་ཀྱི་ཐུགས་རྗེའི་ཟེར།   །གཅིག་གིས་མ་རིག་སྨག་ཚོགས་འཇོམས་པའི་མཐུ། །མཐོང་བས་རབ་དད་བཏུད་དེ་ཕྱག་བགྱིད་དོ། །ཇི་ལྟར་དབྱར་གྱི་ལང་ཚོ་བརྟས་པའི་དུས།   །དགུང་སྔོན་དབྱིངས་ལས་འབྲུག་གི་སྒྲ་བསྒྲགས་ཚེ།   །མདོངས་ལྡན་ཚོགས་རྣམས་ཟློས་གར་བསྒྱུར་བ་བཞིན། །རྗེ་ཡི་རྣམ་ཐར་དྲན་པས་ཡིད་རབ་གཡོས།། འཇིག་རྟེན་པ་དག་གསེར་གྱི་གཏེར་མཐོང་དུས།   །ཚེ་འདིའི་བདེ་བ་བསྒྲུབ་ཕྱིར་དེར་འཇུག་ན།  །གཏན་གྱི་བདེ་བ་དམ་པ་སྟེར་བྱེད་པའི།   །རྣམ་ཐར་བཟང་པོའི་ཚུལ་ལ་ཅིས་མི་འཇུག །དལ་འབྱོར་རྙེད་དཀའ་ཚེ་འདིའི་མདུན་ཐབས་ལ།   །སྙིང་པོ་མེད་གཟིགས་བཙོན་ཁང་དང་འདྲ་བའི། །ཕ་ཡུལ་སྤངས་ནས་ཚངས་སྤྱོད་བརྟུལ་ཞུགས་བཞེས།   །ཉེས་ལྟུང་དྲིས་དབེན་དེ་བཞིན་བདག་ཀྱང་བསྒྲུབ། །གཞོན་ནུ་ཉིད་ནས་བཤེས་གཉེན་དམ་པའི་ཚོགས། །ཉེན་བསྟེན་བཀའ་ལས་མི་འདའ་བསྒྲུབ་པ་དང༌།།སྲི་ཞུ་བཀུར་སྟི་བླ་མར་བགྱི་མཁས་པའི། །འཇམ་མགོན་བླ་མའི་རྗེས་སུ་བདག་ཀྱང་འཇུག །གླིང་བཞིར་དབང་བསྒྱུར་རྒྱལ་པོའི་དཔལ་ཐོབ་ཀྱང༌། །ཆུ་ཤིང་ལྟ་བུར་སྙིང་པོ་མེད་གཟིགས་ནས། ། ཡང་དག་རྫོགས་བྱང་བསྒྲུབ་ལ་རབ་གཞོལ་བའི། །རྨད་བྱུང་སྤྱོད་དེར་བདག་ཀྱང་འཇུག་པར་སྤྲོ། །སྡེ་དགོན་བདག་བཟུང་རྙེད་བཀུར་སྙན་གྲགས་ཕྱིར། །བཤད་ཆོས་དོན་གཉེར་ཆོམ་མིན་ཆོས་བཏགས་སུ། ། གཟིགས་ཏེ་ཆགས་ཞེན་ཀུན་བོར་བྱ་བྲལ་མཛད། །དེ་ལྟར་བསྒྲུབ་སྐལ་དམན་ཡང་ཡིད་ཀྱིས་སྨོན། །འཇམ་པའི་དབྱངས་སོགས་བཤེས་གཉེན་དམ་པ་ཡི།   །ཞལ་གྱི་བུམ་བཟང་ལས་འོངས་བདུད་རྩིའི་བཅུད། ། དབེན་པའི་གནས་སུ་རྩེ་གཅིག་མྱང་མཁས་པའི།   །སྤྱོད་ཚུལ་དེར་ཡང་ཡིད་ཀྱིས་སྨོན་པ་ལགས། །སྲིད་པའི་ཕུན་ཚོགས་ཉེས་མང་མནོག་ཆུང་བའི། །བདེར་ཆགས་སྡུག་བསྔལ་བསྒྲུབ་པའི་དྲིན་ཅན་མ། །སྒྲོལ་བའི་རླབས་ཆེན་ཁུར་འཆར་བློ་བཟང་གྲགས།།ཁྱོད་ཀྱི་སྤྱོད་ཚུལ་ཅི་འདྲར་བདག་ཀྱང་སྨོན། །ཉེ་རིང་སྤངས་པས་ཆགས་དང་སྡང་བ་མེད། །འཇིག་རྟེན་ཆོས་བརྒྱད་སྒྱུ་མ་བྲག་ཅ་བཞིན། སྙིང་པོ་མེད་གཟིགས་འགོ་སྙོམས་མཛད་པ་ཡི།   །བློ་བཟང་གྲགས་པའི་རྗེས་སུ་བདག་ཀྱང་འཇུག།ལན་དང་རྣམ་པར་སྨིན་པར་མི་ལྟ་བར། །ཕྱི་ནང་དངོས་པོ་མཆོད་སྦྱིན་གཏོང་བ་དང༌། ། མི་འཇིགས་ཆོས་དང་བྱམས་སོགས་སྦྱིན་པ་ཡིས། །འགྲོ་དོན་རླབས་ཆེན་མཛད་པ་དེ་རྗེས་འཇུག།སྡོམ་པ་གསུམ་མནོས་ཉེས་སྤྱོད་ཀུན་སྡོམ་ཞིང༌། ། དགེ་བར་སྤྱོད་དང་སེམས་ཅན་དོན་བསྒྲུབ་པའི།   །རྣམ་གསུམ་ཚུལ་ཁྲིམས་མཐར་ཕྱིན་འགྲོ་བའི་མགོན། །བློ་བཟང་གྲགས་པའི་རྣམ་ཐར་རྗེས་སུ་སློབ། །བརྡེག་འཚོག་མཚང་འབྲུ་གཤེ་སྐུར་སོགས་མཚོན་གྱིས། ། བསྐལ་པར་བཏབ་ཀྱང་མི་ཕིགས་བཟོད་པའི་གོ།ལེགས་མནབས་རྗེ་བཙུན་བློ་བཟང་གྲགས་པ་ཡི། །གོ་ཆ་བཙན་པོ་དེ་ལྟར་བདག་ཀྱང་བགོ། གཞོན་ནུ་ཉིད་ནས་ཇི་ལྟར་དམ་བཅས་པའི།   །རླབས་ཆེན་སྤྱོད་པའི་ཁུར་ཆེན་ཆེས་ལྕི་ཡང༌།   །མི་འདོར་བཟོད་པའི་བརྩོན་འགྲུས་ས་གཞི་ལྟར། ། རབ་བརྟན་རྗེ་བཙུན་རྗེས་སུ་བདག་ཀྱང་འཇུག །དམིགས་པའི་ངོ་བོ་གང་ལ་གཏད་གྱུར་ཀྱང༌། །ལེ་ལོ་ལ་སོགས་ཉེས་པའི་སྐྱོན་ལྔ་ཡིས།   །ནམ་ཡང་མི་གཡོ་ཡོན་ཏན་ལེགས་འཕེལ་བའི། །བསམ་གཏན་མཐར་ཕྱིན་ཁྱོད་རྗེས་བདག་ཀྱང་འཇུག།དེ་ཡི་ངང་ལས་བདག་གཉིས་འཛིན་པའི་ནགས།། དྲུངས་ནས་འབྱིན་པའི་ཤེས་རབ་མེ་ཆེན་གྱིས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号