སྤྱིར་གཞིས་ཀ་རྩེ་ནི་རི་བོ་ཧེ་མ་ལ་ཡའི་རི་རྒྱུད་ཀྱི་བར་རྒྱུད་དང་གངས་ཏི་སིའི་གཉན་ཆེན་ཐང་ལྷའི་བར་རྒྱུད་བར་ལ་ཆགས་ཡོད། ས་ཁུལ་ཧྲིལ་པོའི་ས་བབ་རྙོག་འཛིང་ཆེ་ལ་སྣེ་ཁ་འཛོམས་ཤིང༌། སྤྱིའི་ཆ་ནས་རི་མཐོན་པོ་དང༌། གྲོག་རོང་རྒྱ་ཡངས། མཚེའུ་གཞོང་གསུམ་ནས་གྲུབ་ལ། ཆ་སྙོམས་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་4000ཡན་ཟིན་གྱི་ཡོད།
རི་བོ་ཧེ་མ་ལ་ཡ་ནི་འཛམ་གླིང་ཐོག་གི་རི་རྒྱུད་ཆེ་ཤོས་དང་ན་སོ་གཞོན་ཤོས་ཡིན་པ་དང༌། ཆ་སྙོམས་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་6000ཡན་ཟིན་གྱི་ཡོད། ས་ཁུལ་ཡོངས་ལ་སྨི་8000ཡན་གྱི་རི་བོ་5ཡོད་པ་སྟེ་ཇོ་མོ་གླང་མ་དང་ལྷོ་རྩེ། མ་ཁ་ར་ལ། ཇོ་བོ་དབུ་ཡག
ཤི་ཤ་སྦང་མ་བཅས་རེད། དེའི་ནང་ནས་གཞིས་ཀ་རྩེ་དང་ནེ་པ་ལའི་ས་མཚམས་ཐོག་ཆགས་པའི་རི་བོ་ཇོ་མོ་གླང་མ་ནི་འཛམ་གླིང་ཐོག་གི་རི་མཐོ་ཤོས་ཡིན་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་8848.13ཟིན་གྱེ་ཡོད། དེ་མིན་ཁ་རི་ལ་དང༌། རྒྱ་མཚོ་ལ། མ་ལ། ཁུངས་ལ། སྙེ་ལ་སོགས་པའི་རི་བོ་མཐོན་པོ་མང་པོ་ཡོད། རི་བོ་དེ་དག་མུ་ལ་མུ་ཁྱུད་དུ་ཆགས་ནས་གཞིས་ཀ་རྩེའི་རང་བྱུང་མཛེས་ལྗོངས་བརྗིད་ཆགས་པ་ཞིག་ཡིན་ལ། ལྗོངས་རྒྱུ་དང་མྱུལ་དཔྱད། ཚན་རིག་རྟོག་ཞིབ་བཅས་བྱེད་ས་མཆོག་ཏུ་གྱུར་པ་ཞིག་ཀྱང་རེད། 1/3 1 2 3 下一页 尾页 |