ས་ཁུལ་ཡོངས་ལ་ཆུ་བོ་100ལྷག་ཡོད་པ་དང་ཆུ་བེད་ཐོན་ཁུངས་གསོག་ཚད་ནི་སྟོང་ཝ་1360རེད། བོད་ཀྱི་ཆུ་བོ་ཆེ་ཤོས་ཡར་ཀླུང་གཙང་པོའི་ཆུ་འགོ་ནི་གཞིས་ཀ་རྩེ་ཁོངས་འབྲོང་པ་རྫོང་གི་འཁྱགས་ཀླུང་རྗེ་མ་གཡང་འཛོམས་ནས་ཡིན་པ་དང༌། ནུབ་ནས་ཤར་དུ་འབྲོང་པ་དང་ས་དགའ། སྐྱིད་གྲོང༌། ངམ་རིང༌། ལྷ་རྩེ། ས་སྐྱ། བཞད་མཐོང་སྨོན། གཞིས་ཀ་རྩེ། རྣམ་གླིང༌། རིན་སྤུངས་སོགས་རྫོང་10བརྒྱུད་ནས་རྒྱུགས་པ་དང༌། མངའ་ཁོངས་ཀྱི་རིང་ཚད་ནི་སྤྱི་ལེ་700ཟིན་གྱི་ཡོད། མྱང་ཆུའི་ཆུ་འགོ་ཁང་དམར་རྫོང་དུ་ཡོད་པ་དང༌། རྒྱལ་རྩེ་དང་པ་སྣམ་བརྒྱུད་གཞིས་ཀ་རྩེ་ནས་ཡར་ཀླུང་གཙང་པོའི་ནང་བཞུར་གྱི་ཡོད། དེ་མིན་བུམ་ཆུ་དང༌། མདོག་གཞོང་གཙང་པོ། རོང་ཤར་གཙང་པོ།གཡས་རུ་གཙང་པོ། སྐྱིད་གྲོང་གཙང་པོ་ལ་སོགས་པ་ཡོད། ཆུ་བོ་རེ་འགའ་ཕུད་མང་ཆེ་བ་རྒྱ་གར་རྒྱ་མཚོ་ཆེན་པོའི་ཆུ་ལག་རེད། ཆུ་བོའི་འབྱུང་ཁུངས་ནི་ས་འོག་ཆུ་དང༌། ཆར་ཆུ། གངས་འཁྱགས་བཞུར་ཆུ་ཡིན་པས་ཆུ་དྲོད་ཅུང་དམའ་ལ་བྱེ་མ་ཉུང་ཁར་དྭངས་ཤིང་གཙང་བར་སྣང༌།
ས་ཁུལ་ཡོངས་ལ་མཚེའུ་ཆེ་ཆུང་མི་འདྲ་བ་40ལྷག་ཡོད་པ་དང༌། ནུབ་རྒྱུད་ཀྱི་འབྲོང་པ་དང་ངམ་རིང་ཁོངས་སུ་མང་ཤོས་ཡིན། རྒྱ་ཁྱོན་སྤྱི་ལེ་200ཡན་ཟིན་པའི་མཚེའུ་4ཡོད་པ་ནི་ཐ་རོ་མཚོ་(སྤྱི་ལེ་གྲུ་བའི་མ་520)དང་པད་ཁུད་མཚོ་(སྤྱི་ལེ་གྲུ་བཞི་མ་300) གྲབ་ཡེར་ཚྭ་ཁ་(སྤྱི་ལེ་གྲུ་བཞི་མ་235) གཞུང་རུ་མཚོ་(སྤྱི་ལེ་གྲུ་བའི་མ་208)བཅས་ཡིན།མཚེའུ་དེ་ཚོ་མང་ཆེ་བ་སྐམ་སའི་མཚེའུ་ཡིན་པ་དང་མང་ཆེ་བ་བ་ཚྭ་ཅན་ནམ་ཚྭ་ཆུ་རེད། མཚེའུ་ནང་ཚྭ་དང༌། ཚ་ལ།ཀལ། ནཱ་ལ་སོགས་པའི་གཏེར་རྒྱུ་མངའ་བས་འཐུང་ཆུ་དང་ཞིང་ཆུར་སྤྱོད་མི་རུང༌། རི་བོ་ཧེ་མ་ལ་ཡའི་རི་རྒྱུད་ཀྱི་འཁྱགས་ཀླུང་ཁུལ་དུ་ད་དུང་འཁྱགས་རོམ་མཚེའུ་མང་པོ་ཡོད། དེའི་ནང་ནས་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་6116ཟིན་པའི་མཚེའུ་ཞིག་ཡོད་པ་དེ་འཛམ་གླིང་ཐོག་གི་མཚེའུ་མཐོ་ཤོས་ལ་བརྩི་ཡི་ཡོད། 3/3 མདུན་ངོས། 上一页 1 2 3 |