ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། དགུ་པ། “ཏུན་ཧོང་གཉིས་པ་”ལ་གྲགས་པའི་ས་སྐྱ་དགོན།
སྤེལ་དུས།05-04  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      ས་སྐྱ་དགོན་ནི་གཞིས་ཀ་རྩེ་དང་རྒྱང་ཐག་སྤྱི་ལེ་149ཆོད་པའི་ས་སྐྱ་རྫོང་མཁར་ལ་ཡོད། ས་སྐྱ་དགོན་ལ་ལྷོ་བྱང་དགོན་ཁག་གཉིས་ཡོད་པ་དང༌།ས་སྐྱའི་དགོན་མིང་ནི་བྱང་དགོན་ནས་ཐོབ་གཤིས་ད་ཆ་ལྷོ་དགོན་ལས་ལྷག་མེད།སྤྱི་ལོ་1073ལོར་ས་སྐྱ་པའི་སྲོལ་འབྱེད་པ་པོ་འཁོན་དཀོན་མཆོག་རྒྱལ་པོས་གྲུམ་ཆུའི་བྱང་ངོགས་ཀྱི་ས་སྐྱའི་རི་ལྡེབས་སུ་ཕོ་ བྲང་དཀར་པོ་བརྩིགས་པ་དང༌།དགོན་མིང་ནི་ས་སྐྱ་བོ་ལས་ཐོབ་ལ་ད་ཆ་གྱང་གོག་ཙམ་ལས་མཐོང་རྒྱུ་མེད་པས་ཕྱི་མིས་ས་སྐྱ་གོག་པོའམ་ས་སྐྱ་བྱང་དགོན་ཞེས་འབོད་ཀྱི་ཡོད།

26.jpg

 1288ལོར་དཔོན་ཆེན་ཤཀྱྰ་བཟང་པོས་ས་སྐྱ་ལྷོ་དགོན་ཕྱག་བཏབ་པ་དང་འཁོན་གྱི་ཕྱི༌རབས་པ་ཚོས་རྒྱས་སྐྲུན་བྱས་མཐར་དེང༌མིག་ལམ་དུ་འཆར་བའི་ས་སྐྱ་དགོན་གྱི༌གཞི་ཁྱོན་གྲུབ་པ་རེད།དགོན་སྡེ་ཡོངས་ལ་རྒྱ་ཁྱོན་སྨི་གྲུ་བཞི་མ་14700ཡོད་པ་དང༌། ཕྱིའི་ལྕགས་རིའི་དཔངས་ལ་སྨི་5དང་ཞེང་ལ་སྨི་2ཡོད་པ་དང་མཐའ་བཞིར་ལྕོག་ཁང་རེ་ཡོད། འདུ་ཁང་ལ་རྒྱ་ཁྱོན་སྨི་གྲུ་བཞི་མ་5700ཡོད་པ་དང་ཀ་ཆེན་40ཡིས་ཐོག་ ཁེབས་ཀེར་རེར་འཏེགས་ཡོད།ཀ་བ་མིང་ཆེན་བཞིར་གྲགས་པ་ནི་“རྒྱ་ནག་སེ་ཆེན་ཀ་བ་”དང༌། འབྲོང་ལ་བཀལ་ནས་དྲངས་བའི་འབྲོང་ཕོ་ཀ་བ།སྟག་ལ་བཀལ་ནས་དྲངས་བའི་སྟག་ཕོ་ཀ་བ། ནག་པོ་ཁྲག་འཛགས་ཀྱི་ཀ་བ་སྟེ་ཀླུ་ནག་པོ་ཞེས་པ་དེ་མཚོན་གྱིས་བྲེགས་སྐབས་ཁྲག་འཛགས་པའི་ངག་རྒྱུན་ཡོད།འགྲོ་མགོན་ཆོས་རྒྱལ་འཕགས་པས་རྒྱས་སྐྲུན་ཆེ་ཤོས་བྱས་རྗེས་བོད་རྒྱ་སོག་གསུམ་གྱི་བཟོ་སྐྲུན་གྱི་ཉམས་འགྱུར་ལྡན་པར་འགྱུར། འཁོན་གྱི་གདུང་རྒྱུད་ཀྱིས་ས་སྐྱ་དགོན་ལྟེ་བར་འཛིན་ཏེ་བོད་བརྒྱུད་ནང་བསྟན་གྱི་ས་སྐྱ་པའི་གྲུབ་མཐའ་རིམ་བཞིན་གྲུབ་པར་བྱས། ས་སྐྱ་དགོན་པའི་གྱང་ངོས་སུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་སྟེ་འཇམ་པའི་དབྱངས་དང་སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་མཚོན་པའི་དམར་དཀར་སྔོན་གྱི་ཚོན་རིས་བྱུགས་སྲོལ་ཡོད།

27.jpg

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号