ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། བཅུ་བཞི། མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ།
སྤེལ་དུས།05-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

       1959ལོའི་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་བོད་ས་གནས་སྲིད་གཞུང་དང་དགོན་སྡེ། སྐུ་དྲག་བཅས་མངའ་བདག་ཆེན་པོ་གསུམ་ཀྱིས་གཞིས་ཀའི་ལམ་ལུགས་དང་ཁྲལ་འུ་ལག   སྐྱེད་ལྩིའི་བུ་ལོན་ལ་སོགས་པའི་བཤུ་གཞོག་བྱེད་ཐབས་ལ་བརྟེན་ནས་ཞིང་བྲན་ལ་ཡ་ང་སྙིང་རྗེ་ལེད་པའི་གཉའ་གནོན་བྱེད་ཀྱི་ཡོད། བོད་རྙིང་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་དམའ་ལ་ཞིང་འབྲོག་ལས་གནམ་རྒན་

50.jpg
མོ་ཁོ་ནར་བརྟེན་པའི་གནས་སུ་གྱར་ཡོད།རང་བྱུང་གི་མཐུན་རྐྱེན་ཞན་པ་དང༌།ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་རྗེས་ལུས་ཡིན་པ། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ལམ་ལུགས་བཅས་ཀྱིས་གཞིས་ཀ་རྩེ་ས་ཁུལ་གྱི་ཞིང་འབྲོག་མི་དམངས་ཀྱང་བོད་ཀྱི་ས་ཁུལ་གཞན་དག་གི་མི་དམངས་དང་འདྲ་བར་དབུལ་ཞིང་ཕོངས་པའི་འཚོ་བ་བསྐྱལ་དགོས་བྱུང༌།
1959ལོའི་དམངས་གཙོའི་བཅོས་བསྒྱུར་གྱིས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས་པ་དང༌། རྒྱ་ཆེའི་ངལ་རྩོལ་མི་དམངས་ཚོ་ཡར་ལངས་ནས་བདག་པོར་གྱུར་པ་རེད། དུས་དེ་ནས་བཟུང་གཞིས་ཀ་རྩེ་ས་ཁུལ་གྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་ཁ་ཕྱེ་བ་རེད། སྲིད་གཞུང་གིས་མཛུབ་ཁྲིད་དང་རྒྱབ་སྐྱོར། རོགས་རམ་ལྷོད་མེད་གནང་བའི་འོག་གཞིས་ཀ་རྩེའི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་གནང་བར་བརྟེན་ཞིང་འབྲོག་མང་ཚོགས་ཚོའི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་སོང་ཡོད། དུས་རབས་20པའི་ལོ་རབས་60པ་ནས་བཟུང་སྲིད་གཞུང་གིས་ནང་ལོགས་ས་ཁུལ་ནས་ཞིང་ཆས་སྣ་ཚོགས་དང་རྫས་ལུད་དང་ཞིང་སྨན་སྤུས་ལེགས་ནང་འདྲེན་དང་ཁྱབ་གདལ་བཏང་བ་རེད། ལོ་རབས་70པར་ས་གནས་ཁག་ལ་ཞིང་ཁའི་རྨང་གཞིའི་འཛུགས་སྐྲུན་རྒྱ་ཁྱབ་ཏུ་སྤེལ་བ་དང་ཆུ་བེད་གསར་སྐྲུན་བྱས་པ་རེད།སྲིད་གཞུང་གྱིས་རྫོང་དང་ཤང་ཁག་ལ་ཞིང་འབྲོག་ལག་རྩལ་ཁྱབ་གདལ་ས་ཚིགས་བཙུགས་པ་དང་ཞིང་ལས་ལག་རྩལ་ཁྱབ་གདལ་
51.jpg
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号