ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། བཅུ་བཞི། མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ།
སྤེལ་དུས།05-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
54.jpg
དེང་གི་ཆར་ཞིང་འབྲོག་མང་ཚོགས་མང་ཆེ་བའི་ཟས་གོས་ཀྱི་གནད་དོན་ཐག་གཅོད་ཟིན་པ་དང༌། ཞིང་འབྲོག་མང་ཚོགས་མང་པོ་ཞིག་ཕྱུག་པོའི་འཚོ་བ་བསྐྱལ་ཐུབ་ཡོད། 1994ལོར་ཞིང་འབྲོག་མང་ཚོགས་མི་རེའི་ལོ་རེའི་ཡོང་འབབ་སྒོར་1019.96དང༌།ཞིང་འབྲོག་མང་ཚོགས་མི་རེར་འབྲུ་རིགས་སྤྱི་རྒྱ་392.54ཟོག་ཤ་སྤྱི་རྒྱ་31.66མར་སྤྱི་རྒྱ་4.59བཅས་ཡིན།ལས་བྱེད་པའི་གླ་ཕོགས་ཀྱི་ཡོང་འབབ་ཀྱང་མང་དུ་སོང་བ་སྟེ་མི་རེར་ལོ་རེའི་གླ་ཕོགས་སྒོར་7129ཟིན་གྱི་ཡོད། ཞིང་འབྲོག་མང་ཚོགས་ལ་མངའ་བའི་ཐོན་སྐྱེད་རྒྱུ་ཆའང་ལྡབ་འགྱུར་གྱིས་མང་དུ་འགྲོ་བ་སྟེ་བསྡོམས་རྩིས་ལྟར་ན་ཞིང་འབྲོག་ཁུལ་དུ་དྲུད་འཐེན་འཕྲུལ་འཁོར་700ལྷག་དང༌། ལག་སྐྱོར་དྲུད་འཐེན་འཁོར་ལོ་2900ལྷག། ཐེར་གེ་19630རླངས་འཁོར་450བཅས་ཡོད།1996ལོའི་ལོ་མཇུག་ཏུ་བསྡོམས་རྩིས་བྱས་པ་ལྟར་ན། ཞིང་འབྲོག་མང་ཚོགས་མི་རེའི་ཁེར་གཙང་ཡོང་འབབ་སྒོར་1075.26དང་ལས་བྱེད་པའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་12436ལ་འཕར་ཡོད་པས་བབ་མཚུངས་སུ་མི་རྣམས་ཀྱི་ཟས་གོས་སྡོད་ལ་སོགས་པའི་ཕྱོགས་ཚང་མར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ས་ཁུལ་ཡོངས་ཀྱི་མི་འབོར་ཡང་མང་དུ་ཧ་ཅང་ཆེན་པོ་སོང་བ་སྟེ།1994ལོའི་མི་འབོར་བསྡོམས་གྲངས་ནི་1959ལོའི་ལྡབ་1.92དང་1965ལོའི་ལྡབ་1.75རེད། དེ་དང་ཆབས་ཅིག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་སྲོག་ཤིང་ལ་འགྱུར་བའི་སྤྱི་དམངས་ཀྱིས་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་རང་མོས་དུ་སྤྱོད་པ་དང༌། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཆབ་སྲིད་ཀྱི་དབང་ཆ་ལ་འགན་ལེན་གང་ལེགས་བྱུང་ཡོད།   ཆོས་དད་རང་མོས་དང༌།རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད།མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་བྱ་རྒྱུ་ལ་སོགས་པའི་ཐད་ཀྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་ཧ་ཅང་ཡག་པོ་བསྟར་ཡོད། མི་རིགས་ཀྱི་ལས་བྱེད་པ་འཚར་ལོངས་དང་དཔུང་སྟོབས་ཆེ་རུ་འགྲོ་བ་དང༌།བོད༌རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པའི་གྲངས་འབོར་ནི་1959ལོར་མི་གྲངས་1547ཡིན་པ་ལས་1994ལོར་མི་གྲངས་9790ལ་འཕར་བ་དང༌། ལས་བྱེད་པའི་སྤྱི་འབོར་ཀྱི་བསྡུར་ཚད་ཀྱང་1959ལོར་བརྒྱ་ཆ་46.28ནས་1994ལོའི་བརྒྱ་ཆ་89.35ལ་འཕར་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号