ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། བཅུ་དྲུག འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན།
སྤེལ་དུས།05-07  ཡོང་ཁུངས།  རྩོམ་པ་པོ།

71.jpg

བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་གསུམ་པ་འཚོགས་པའི་རྗེས་ཧྲང༌ཧའེ་དང་ཧྲན་ཏུང་གིས་གཞིས་ཀ་རྩེ་ས་ཁུལ་ལ་རིགས་འདྲའི་རོགས་སྐྱོར་བྱས་ཡོད། ཁོ་ཚོས་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ནས་མི་ནོར་དངོས་གསུམ་གྱི་ཐོག་ནས་སྒེར་སེམས་མེད་པའི་རོགས་སྐྱོར་ཆེན་པོ་བྱས། ཧྲང་ཧའེ་དང་ཧྲན་ཏུང་གིས་ཕུལ་བྱུང་ལས་བྱེད་པའི་ལག་རྩལ་པའི་དཔུང་ཁག་བོད་ལ་མངགས་ཤིང༌། ཁོང་ཚོས་གཞིས་ཀ་རྩེའི་ཕུགས་ཡུན་གྱི་འཕེལ་རྒྱས་གཏོང་རྒྱུ་གཙིགས་ཆེར་འཛིན་ནས་1996ལོའི་ལོ་མཇུག་ཏུ་གྲོང་ཁྱེར་གཉིས་ཀྱིས་རིགས་སྣ་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར༌1.2རོགས་སྐྱོར་བྱས་པ་དང༌། སྲིད་འཛིན་ལས་བྱེད་པ་96དང༌། ལག་རྩལ་པ་144མངགས་ཤིང༌། ལོ་གཉིས་ནང་ས་གནས་འདི་གའི་ལས་རིགས་སྣ་ཚོགས་ཀྱི་ཤེས་ལྡན་པ་209གསོ་སྦྱོང་བྱས་པ་རེད།ཧྲན་ཏུང་ཞིང་ཆེན་གྱིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་ཧྲན་ཏུང་ཐོག་ཁང་ཆེན་མོ་ནི་དེང་དུས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འཛུགས་སྐྲུན་གཞི་ཁྱོན་ཆེ་ཤོས་དང་དེང་རབས་ཅན་གྱི་ཉམས་ཆེ་བའི་སྐར་གསུམ་རིམ་པའི་ཕྱི་འབྲེལ་གསོལ་མགྲོན་ཁང་ཡིན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་ལ་བཞེངས་པའི་ཧྲང་ཧའེ་ཐང་ཆེན་ནི་ཧྲང་ཧའེ་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་ནས་བསྐྲུན་པ་རེད། དེ་གཉིས་པོ་1998ལོར་སྔ་རྗེས་སུ་བཞེངས་སྒྲུབ་རྩིས་སྤྲོས་བྱས་པས་གཞིས་རྩེ་གནའ་གྲོང་ལ་དེང་རབས་ཅན་གྱི་རྣམ་པ་གསར་པ་ཤར་ཡོད།
72.jpg
གཞིས་ཀ་རྩེ་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་བསྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་བཏང་ཞིང༌།1995ལོར་གཞིས་ཀ་རྩེ་སྲིད་འཛིན་ཀྲུང་ཧྲུའུ་ཡིས་《ཕྱི་ཕྱོགས་ཀྱི་ཚོང་པ་བཀུག་ནས་མ་དངུལ་འཐེན་པའི་སྲིད་ཇུས་འགའ་ཞིག་སྐོར་གྱི་གཏན་འབེབས་》བཟོས་ནས་ཁྲལ་བསྡུ་དང༌། དངུལ་རྩ།   ཕྱིར་གཏོང་ནང་འདྲེན་ལ་སོགས་པའི་ཐད་ལ་“གུ་ཡངས་དང་གཟིགས་སྐྱོང༌།དམིགས་བསལ་”གྱི་བྱ་ཐབས་སྤྱད་པས་ས་ཁུལ་ཕྱི་ནང་གི་མ་དངུལ་འཇོག་མཁན་གྱི་ཚོང་པ་མང་དུ་ཕྱིན་ཡོད། རྒྱལ་སྤྱིའི་ཐོག་ནས་གཞིས་ཀ་རྩེ་ས་ཁུལ་གྱི་འཕེལ་རྒྱས་ལ་དོ་ཁུར་བྱེད་པ་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཆར་འགོད་གསར་སྤེལ་ཁང་དང་ཨ་རིའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་མ་དངུལ་བཏང་ནས་སྐྱེ་ཁམས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ་རྒྱུན་མཐུད་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་གི་ཡོད། ཨ་རིའི་རིམ་སྐྱོད་རྩ་འཛུགས་དང་ཨ་རིའི་བྱིས་པའི་ཐེབས་རྩ་ལྷན་ཚོགས་ལ་སོགས་པ་དང༌།དེ་བཞིན་རི་པིན་དང༌། ཨོ་སི་ཁྲུ་རི་ཡ་ལ་སོགས་པའི་རྒྱལ་ཁབ་ཀྱི་དམངས་ཁྲོད་རྩ་འཛུགས་དང་ཐེབས་རྩ་ལྷན་ཚོགས་ཀྱིས་གཞིས་ཀ་རྩེའི་ཁོར་ཡུག་དང༌།དབུལ་སྐྱོར། སློབ་གསོ་ལ་སོགས་པར་རོགས་སྐྱོར་བྱེད་བཞིན་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号