ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། བཅུ་དྲུག འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན།
སྤེལ་དུས།05-07  ཡོང་ཁུངས།  རྩོམ་པ་པོ།
གཞིས་རྩེ་ས་ཁུལ་ལ་ཐུན་མོང་མ་ཡིན་པའི་ལྗོངས་རྒྱུའི་གནས་བཟང་ཡོད་པས་འཛམ་གླིང་ཡུལ་གྲུ་ཁག་གི་ལྗོངས་རྒྱུ་བ་མང་པོའི་བློ་ཁ་བཀུག་ཡོད། ས་ཁུལ་ཡོངས་ལ་ཕྱི་འབྲེལ་གསོལ་མགྲོན་ཁང་3ཡོད་པ་དང༌། 1994ལོར་ལྗོངས་རྒྱུ་བ་ཁྲི་1.85 ལ་ལེན་ཞུས་པས་ལས་གཉེར་ཡོང་འབབ་སྒོར་ཁྲི་1241ཟིན་ལ།ཁེ་འབབ་སྒོར་ཁྲི་438བྱུང་ཡོད།1996ལོའི་ལོ་མཇུག་ཏུ་ལྗོངས་རྒྱུ་བ་ཁྲི་4ལ་སྣེ་ལེན་ཞུས་པ་དང༌། ལྗོངས་རྒྱུའི་ཡོང་འབབ་སྒོར་ཁྲི་1810ཟིན་ལ། ཨ་སྒོར་ཁྲི་218.07ཐོབ་ཡོད།
གཞིས་རྩེ་བ་ཚོ་དུས་རབས་21པའི་འགྲན་སློང་གི་མདུན་དུ་ཡིད་ཆེས་ཀྱིས་ཁེངས་ཡོད། གཞིས་ཀ་རྩེ་ས་ཁུལ་ཨུ་ལྷན་སྲིད་འཛིན་ཀྲུང་ཧྲུའུ་ཡིས་སྐྱེ་བོ་ངར་སེམས་འཕེལ་ཐབས་ཀྱི་དམིགས་འབེན་བཏོན་ཞིང༌། 2010ལོར་ས་ཁུལ་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཏུན་ཁྲི་45ཟིན་ནས་བརྒྱ་ཆ་55.76འཕར་བ་སྟེ་ལོ་རེར་ཆ་སྙོམས་བརྒྱ་ཆ་3རེ་རིམ་འཕར་བྱ་རྒྱུ་དང༌། པད་ཁའི་ཐོན་འབོར་ཏུན་ཁྲི་6ཟིན་ནས་བརྒྱ་ཆ་263.2འཕར་བ་སྟེ་ལོ་རེར་ཆ་སྙོམས་བརྒྱ་ཆ་8.98རེ་རིམ་འཕར་བྱ་རྒྱུ། ཟོག་ཤའི་ཐོན་འབོར་ཏུན་ཁྲི་3.5དང་འོ་རིགས་ཐོན་འབོར་ཏུན་ཁྲི་6ཡོང་བ་བྱ་རྒྱུ།དེ་མིན་ཤང་གྲོང་ཁེ་ལས་ཐད་ལ་ཡང་ཚད་གཞི་གསར་པ་བཏོན་ཡོད།
ནུས་ཁུངས་དང་འགྲིམ་འགྲུལ།སྦྲག་ཏར་ཆ་འཕྲིན་ལ་སོགས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ།2010ལོར་ས་ཁུལ་ཡོངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་བཏོན་པའི་གློག་ཤུགས་བསྡོམས་གྲངས་སྟོང་ཝ་ཁྲི་12.2དང་ལོ་རེའི་གློག་འདོན་བསྡོམས་གྲངས་ཆུ་ཚོད་སྟོང་ཝ་ཁྲི་50000ཟིན་པ༌བྱ་རྒྱུ། འགྲིམ་འགྲུལ་ཐད་རྫོང་དང་ཤང་ཚང་མར་གཞུང་ལམ་ཐོག་ནས་ཤར༌སྐྱོད་ཐུབ་པ་དང་གྲོང་ཚོ་བརྒྱ་ཆ་98ལ་གཞུང་ལམ་ཡོད་པ་བྱ་རྒྱུ། སྦྲག་ཏར་ཆ༌འཕྲིན་ཐད་རྫོང་དང་ཤང་ཡོད་དོ་ཅོག་ཁ༌པར་ཨང་སྟར་སྔོན་བསྒྲིགས་གོ་རིམ་ལྟར༌བཏང་འཛིན་ཡོང་བ་བྱ་རྒྱུ་མ་ཟད།རྒྱལ་ཡོངས་ཀྱི་ཐད་གཏོང་དྲ་བའི་ནང་བཙུད་རྒྱུ་དང༌། ཁ་པར་ཁྱབ་ཚད་དེང༌གི་བརྒྱ་ཆ་1.03ནས་བརྒྱ་ཆ་5བར་འཕར་བ་བྱ་རྒྱུ།
ཐོན་ལས་གཉིས་པ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དཔལ་འབྱོར་ཀྱི༌དངོས་སྟོབས་ཆེ་རུ་ཆད་མེད་གཏོང་རྒྱུ་དང༌། ཐོན་ཁུངས་ཀྱི་བཟང་ཆ་བཀོལ༌སྤྱོད་གང་ལེགས་བྱས་སྟེ་གཏེར་ཁ་སྔོག་འདོན་དང༌། རུམ་འཐག ཀོ་བཟོ།འབྲུ་སྣུམ་ལས་སྣོན། བཟའ་བཅའ། གཏེར་ཆུ། བོད་སྨན། ཨར་ལས་རྒྱུ་ཆས་ལ་སོགས་པའི་ཐོན་ལས་འཕེལ་རྒྱས་བཏང་ནས་ཐོན་ཁུངས་ཀྱི་བཟང་ཆ་དེ་དཔལ་འབྱོར་གོང་དུ་སྤེལ་བའི་བཟང་ཆར་འགྱུར་བ་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་མངའ་བའི་ཐོན་རྫས་གྲགས་ཅན་གསར་སྤེལ་ཐུབ་པ་བྱ་རྒྱུ།
ཐོན་ལས་གསུམ་པ་འཕེལ་རྒྱས་བྱ་རྒྱུ་དང༌། དཔལ་འབྱོར་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ། ས་མཚམས་དེ་གསར་འབྱེད་ཁུལ་བྱས་ནས་མཐའ་མཚམས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཧུར་ཐག་སྤེལ་ནས་ཕྱི་ཕྱོགས་ཀྱི་དཔལ་འབྱོར་མཉམ་ལས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་ལ་ཕྱོགས་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་གང་ཐུབ་བྱ་རྒྱུ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号