ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཆབ་མདོ། བཞི་པ། ཐོན་ཁུངས་ཀྱི་བཟང་ཆ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      འཕྲེད་རྒྱུག་རི་རྒྱུད་ཀྱི་རོང་སར་ནགས་ཚལ་སྟུག་ལ་རྩི་ཤིང་ཕུན་སུམ་ཚོགས་པ་དང༌། ཁུལ་དེ་གར་རི་དྭགས་དཀོན་རིགས་གྲངས་ཀྱིས་མི་ལང་བ་ཡོད།རྒྱལ་ཕྱིའི་རིགས་གཅིག་མཁས་པས་“འཕྲེད་རྒྱུག་རི་རྒྱུད་ནི་འཛམ་གླིང་གི་རྩི་ཤིང་དང་རི་དྭགས་གནས་ཁུལ་ལྟེ་བའི་གྲས་

35.jpg

ཡིན་”ཞེས་གསུངས། ཆབ་མདོ་ཁོངས་སུ་རྒྱལ་ཁབ་ཀྱི་སྲུང་རིམ་དང་པོའི་རི་དྭགས་སྣ་ཁ༌17དང༌།སྲུང་རིམ་གཉིས་པའི་རི་དྭགས་སྣ་ཁ་54དེ་མིན་རྒྱུན་དུ་མཐོང་རྒྱུ་ཡོད་པ་སྣ་ཁ་400ལྷག་དང༌།རྩི་ཤིང་ལེགས་གྲས་སྣ་ཁ་1000ལྷག་ཙམ་ཡོད། སྨར་ཁམས་ཀྱི་སྤྲེའུ་སྤུ་སེར་སྲུང་ཁུལ་དུ་སྤྲེའུ་སྤུ་སེར་600ལྷག་ཙམ་ཡོད་པ་དེས་འཛམ་གླིང་གི་སྤྲེའུ་སྤུ་སེར་གྱི་བརྒྱ་ཆ་60ཙམ་ཟིན་ཡོད། རི་བོ་ཆེའི་ཤ་བ་སྤུ་རིང་སྲུང་ཁུལ་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ལྟེ་གནས་དུ་སྲུང་བྱའི་རི་དྭགས་དང་གཅན་གཟན་རིགས་30ཙམ་ཡོད་པ་དང༌། ཤ་བ་སྤུ་རིང་1001ལྷག་ཙམ་ཡོད། ཤ་བ་སྤུ་རིང་འདུལ་གསོ་བྱེད་པའི་ཆེད་དུ་ལོ་རབས་70པ་ནས་བཟུང་སྟེ་ཁུལ་དེའི་ནགས་སྟེང་ཐང་དུ་བོད་ལྗོངས་ཀྱི་ཤ་བ་སྤུ་རིང་འདུས་ར་དང་པོ་བསྐྲུན། ཆབ་མདོ་ནས་བར་ཐག་སྤྱི་ལེ་40ཆོད་པའི་འབྲུག་རྒྱལ་རིར་འཇར་མན་གྱི་རིགས་གཅིག་མཁས་པས་གནའ་བོའི་ཤུག་སྡོང་མང་པོ་མཐོང་ཞིང༌། ཁོང་ཚོས་ཞིབ་འཇུག་བྱས་མཐར་དེ་ཁུལ་གྱི་ཤུག་སྡོང་སྐྱེས་ནས་ལོ་ངོ་1200ལྟག་ཙམ་འདས་པའི་ངོས་འཛིན་གནང་ཞིང༌། དེས་སྐབས་དེའི་གནམ་གཤིས་ཀྱི་འགྱུར་བ་དང་སྐྱེ་ཁམས་དར་ལུགས་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ཡོད། 1976ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིགས་ཁང་གི་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་བརྟག་དཔྱད་རུ་ཁག་ཁོངས་གནའ་བོའི་སུག་བཞིའི་སེམས་ཅན་ཚོ་ཆུང་གིས་ཆབ་མདོ་རྫོང་རྟ་གཡེར་ཤཛ་དུ་འབྲུག་གི་འགྱུར་རྡོ་ཁག་5རྙེད་པས་བོད་དུ་དེའི་ཐད་ཀྱི་ཚན་རིག་གི་སྟོང་ཆའི་ཁ་སྐོང་ཐུབ་ཡོད་ལ་ཆབ་མདོ་ཁུལ་གྱི་གནའ་བོའི་ས་གཤིས་དང་གནམ་གཤིས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རིན་ཐང་བྲལ་བའང་ཡིན།

37.jpg

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号