ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཆབ་མདོ། བཞི་པ། ཐོན་ཁུངས་ཀྱི་བཟང་ཆ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ནགས་ཚལ་ཁེབས་ཁྱོན་སྤྱི་ཆིང་ཁྲི༌260ཙམ་ཟིན་ཞིང༌། དཔལ་འབྱོར་གྱི༌རིན་ཐང་ཆེ་ཙམ་ལྡན་པའི་ཤིང་རིགས་གསོམ་ཤིང་དང༌།   ཤིང་ག་བུར། གསོམ་དམར། ཤུག་པ། སྟག་པ་ཤིང་སོགས་སྣ་ཁ་20ལྷག་ཙམ་ཡོད་པ་དེ་དག་འཕྲེད་རྒྱུག་རི་བོ་དང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་མཆིས། ནགས་ཚལ་ཁྱབ་ཁྱོན་བརྒྱ་ཆ་23.9ཟིན་ཡོད།
43.jpg
སྨན་རྩྭ་ཁག་1200ཡོད་པ་ལས་བེད་སྤྱོད་ཐུབ་པ་750ལྷག་ཙམ་ཟིན་པ་དེ་དག་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་དང༌། སྙི་བ། ལྕུམ་རྩ། མྱང་རྩི་སྤྲས། སྲོ་ལོ་དམར་པོ། ལྕ་བ། ཨ་མི་ཤ། གླང་ཆེན་ཆིག་ཐུབ་སོགས་ཡིན།བོད་སྨན་གྲགས་ཅན་མུ་ཏིག་བདུན་ཅུ་དང༌། རིན་ཆེན་གྲང་སྦྱོར་སོགས་ཁམས་ཀྱི་ཁུལ་ཙམ་མ་ཟད་ལྗོངས་ཕྱི་ནང་ཀུན་ཏུ་གྲགས་པ་ཆེ། རི་དྭགས་ལས་བྱུང་བའི་རྫས་ནི་གླ་རྩི་དང་། ཤ་བའི་ཁྲག་རྭ། གི་ཝང་། གངས་སྦལ་སོགས་གྲངས་ངེས་ཅན་ཡོད།   ལྷག་པར་ཆབ་མདོའི་དབྱར་རྩ་དགུན་འབུ་ནི་རྡོག་ཆེ་ལ་སེར་ཤས་ཆེ་བ་དང་ནང་དཀར་བས་གང་སར་བྲིན་པོ་ཡོད། 
ཕྱུགས་རིགས་ལ་མཚོན་ན།ཁུལ་ཡོངས་ལ་ཕྱུགས་རིགས་ཁྲི་353ཡོད་པ་དང་།རྩྭ་ར་ཁྱོན་ཆེ་བས་ལོ་རེར་བཤའ་གྲངས་ཁྲི་45ཟོན་ཐུབ་པ་དང་།ལྤགས་པ་ཁྲི་40ལྷག་ཙམ་དང་ཤ་སྤྱི་རྒྱ་ཁྲི་2600 མར་སྤྱི་རྒྱ་ཁྲི་250 སྤུ་བལ་ཏུན་100ལྷག་ཙམ་བཅས་ཡོང་ཐུབ་ཡི་ཡོད་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号