ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཆབ་མདོ། ལྔ་པ། གནམ་སྐས་ལྟ་བུའི་གཞུང་ལམ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

       1951ལོའི་གོང་ལ་ཆབ་མདོར་གཞུང་ལམ་མེད་ཅིང༌། ཆབ་མདོ་ནི་བོད་ལྗོངས་དང༌། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ཀྱི་དངོས་ཟོག་བསྡུ་འགྲེམས་བྱེད་ས་ཡིན་གཤིས།རྒྱུན་པར་ཚོང་པ་མང་པོས་རྟ་དྲེལ་ལ་ཚོང་བཀལ་ནས་དེར་འདུ་བ་ ཡིན།འོན་ཏེ་དངོས་ཟོག་བརྗེ་

44.jpg

སྐབས་སྒལ་པར་འཁུར་དགོས་པའམ་རྟ་དྲེལ་ལམ་དཔྱང་ཟམ་བརྒྱུད་དེ་དབོར་འདྲེན་བྱེད་དགོས་པ་དང༌། ཕྱི་རུ་སྐྱོད་སྐབས་རྐང་ཐང་ངམ་རྟ་བཞོན་ནས་འགྲོ་དགོས་པ་དང༌།སྦ་ཟམ། འབྲེང་ཐག གདུང་ཟམ་བརྒྱུད་དགོས་ལ་ཀོ་གྲུར་ཡང་བརྟེན་དགོས་ཤིང༌། གཡང་གཟར་གྱི་རི་ཀླུང་མང་པོ་བརྒལ་དེ་བགྲོད་དགོས་པས་འགྲུལ་བཞུད་ཤིན་ཏུ་དཀའ།

1950ལོར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་པ་དང༌། བཅིངས་འགྲོལ་དམག་གི་དཔོན་དམག་དང་ལམ་བཟོ་བ་ཚོས་“སྤུན་ཟླའི་མི་རིགས་ཁག་ལ་རོགས་རམ་བྱེད་པའི་ཆེད་དུ་དཀའ་ངལ་ལ་མ་འཛེམས་པར་ལམ་བཟོ་ཧུར་ཐག་བྱེད་དགོས་”ཞེས་པའི་ཀྲུའུ་ཞི་མའོ་ཙེ་ཏུང་གི་འབོད་སྐུལ་དང་ལེན་ཞུས་ཏེ་དཔུང་འཇུག་བྱེད་བཞིན་དུ་ལམ་བཟོས་ཏེ་ཁྲོན་བོད་གཞུང་ལམ་བྱང་ངོས་ནས་ཆབ་མདོ་བར་བཟོས་པ་མ་ཟད་མུ་མཐུད་ལྷ་ས་བར་དུ་མཐུད། ལོ་ངོ་40འདས་པའི་རྗེས་རྒྱལ་ཁབ་ནས་ཆབ་མདོའི་འགྲིམ་་འགྲུལ་འཛུགས་སྐྲུན་ལ་མ་དངུལ་ཕོན་ཆེན་བཞག་སྟེ་སྔ་རྗེས་སུ་ཁྲོན་བོད་ཀྱི་ལྷོ་ལམ་དང༌། ནག་ཆུ་ནས་ཆབ་མདོ་བར་གྱི་གཞུང་ལམ་བཟོས་ཤིང༌། 
46.jpg
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号