ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཆབ་མདོ། ལྔ་པ། གནམ་སྐས་ལྟ་བུའི་གཞུང་ལམ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 གཞུང་་ལམ་302པ་(ཆབ་མདོ་དཔལ་འབར་་ནས་འབྲི་རུ་དང་ནག་ཆུ་བར་)བཟོས་པ་རེད། ད་ལྟ་ཁུལ་ཡོངས་སུ་ཁྲོན་བོད་ལྷོ་ལམ་བྱང་ལམ་གཉིས་དང༌།   ནག་ཆུ་ནས་ཆབ་མདོ་བར་གྱི་གཞུང་ལམ་སོགས་ཡོད་པ་དང༌། ཁུལ་ཡོངས་སུ་བགྲོད་ཐུབ་པའི་རྒྱལ་ཁབ་ཀྱི་གཞུང་ལམ་214(མཚོ་སྔོན་ཟི་ལིང་ནས་ཡུན་ནན་ཅིང་ཧུང་བར་)ཡོད་པས་ཕྱོགས་མཚམས་ཡོངས་སུ་བགྲོད་ཐུབ་པའི་གཞུང་ལམ་དྲ་བ་ལྟར་ཆགས་ཡོད། ཆབ་མདོའི་ཆུ་བོ་གསུམ་ལ་དེང་རབས་ཅན་གྱི་ཟམ་ཆེརྣ་ཁག་གཅིག་བརྒྱབ་པས་བོད་རིགས་སྤུན་ཟླ་ཚོས་བདེ་སྐྱིད་ཀྱི་“གསེར་ཟམ་”ཞེས་འབོད། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྐོར་དུང་ཕྱུར་2བཏང་ནས་ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་བསྐྲུན་པས་1995ལོའི་ཟླ་4ཚེས་28ཉིན་ནས་བཟུང་སྟེ་ཁྲེན་ཏུའུ་ནས་ཆབ་མདོ་བར་གནམ་གྲུ་ཤར་གཏོང་བྱེད་འགོ་ཚུགས། སྔོན་མའི་གནམ་སྐས་ལྟ་བུའི་གཞུང་ལམ་དེ་ཤར་སི་ཁྲོན་དང༌། བྱང་མཚོ་སྔོན། ལྷོ་ཡུན་ནན། ནུབ་ལྷ་ས་བཅས་སུ་ཤར་བགྲོད་ཐུབ་ཡོད། དེ་དང་ཆབས་
47.jpg
ཅིག་ཏུ་གཞུང་ལམ་གྱི་འགྲིམ་འགྲུལ་ཡང་གོང་དུ་འཕེལ་ཞིང༌།        l954ལོའི་ཟླ་5ཚེས་29ཉིརྣ་ཆབ་མདོའི་རྒྱལ་དབང་འགྲིམ་འགྲུལ་ཁེ་ལས་དང་པོ་དེ་བཙུགས། དེ་ནས་ལོ་ངོ་40འདས་པའི་རིང་ལ་རྒྱལ་དབང་ཆེད་ལས་འགྲིམ་འགྲུལ་ཀུང་སི་1ལས་མེད་པ་ནས་5རུ་འཕེལ་བ་དང༌།རླངས་འཁོར་40ལས་མེད་པ་ནས་ད་ལྟ་ཟོག་འདྲེན་འགྲུལ་སྐྱེལ་རླངས་འཁོར་ཁྱོན་བསྡོམས་583དུ་ འཕེལ་ཡོད།འགྲིམ་འགྲུལ་ཀུང་སི་ཁག་ལ་སྒྲིག་ཆས་ཆ་ཚང་བའི་རླངས་འཁོར་བཟོ་ཁང་ཡོད་ལ་རྫོང་ཁག་ཏུའང་རླངས་འཁོར་རུ་ཁག་ཡོད། ཀྲུང་དབྱང་སྲིད་གཞུང་གི་དམངས་ཕྱུག་སྲིད་ཇུས་ཀྱི་སློབ་སྟོན་འོག་ཏུ་ཁུལ་ཡོངས་ཀྱི་དམངས་ཁྲོད་སྐྱེལ་འདྲེན་ཡང་ དར་རྒྱས་བྱུང་ཞིང༌། 1992ལོའི་ལོ་མཇུག་བར་དུ་ཁུལ་ཡོངས༌སུ་ཐུན་མོང་དང་སྒེར་གཉེར་སྐྱེལ་འདྲེན༌རླངས་འཁོར་100ཟིན་པ་ དང༌།1998ལོར་1700ཟིན་ཏེ་ལོ་རེའི་དངོས་ཟོག་སྐྱེལ་འདྲེན་བྱེད་འབོར་ཏུན་ཁྲི་12དང༌། འགྲུལ་པ་ཐེངས་གྲངས་15000ལྷག་ཙམ་སྐྱེལ་འདྲེན་ཐུབ་ཀྱི་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号