ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། དང་པོ། རི་སྟོང་གི་ཡང་རྩེ་དང་། ཆུ་ཁྲིའི་ཆུ་འགོ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

        མངའ་རིས་ས་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་ནུབ་ངོས་སུ་གནས་ཤིང་། མཚོ་བོད་ས་མཐོའི་བྱང་སྟེ་བྱང་ཐང་ས་མཐོའི་ལྟེབའི་ས་ཆ་ཞིག་ཡིན། ཤར་ཕྱོགས་ནག་ཆུ་དང་འབྲེལ་ཡོད་པ་དང༌།ནུབ་ཕྱོགས་ཧིན་རྡུ་དང་ནེ་པེ་ལ་སོགས་དང་འབྲེལ་ཡོད་ལ། ལྷོ་ཕྱོགས་འབྲོང་པ་རྫོང་

1.jpg

དང་ས་དགའ་རྫོང་དང་ཉེ་ཞིང༌། བྱང་ཕྱོགས་ཡུ་གུར་དང་འབྲེལ་ཡོད།   དེར་ས་རྒྱ་ཆེ་ཞིང༌། མི་འབོར་ཉུང་བ་དང་མཐའ་ཁུལ་མཚམས་ཐིག་གི་རིང་ཚད་ལ་སྤྱི་ལེ༌1116 ཙམ་ཡོད་པ་དང༌། ཕྱི་ཕྱོགས་ཀྱི་ལམ་ཆེན་57 ཙམ་ཡོད་ཅིང༌།ཤར་ནུབ་བར་གྱི་རིང་ཚད་ལ་སྤྱི་ལེ་600དང༌། ལྷོ་བྱང་བར་གྱི་ཞེང་ཚད་ལ་སྤྱི་ལེ་550 ཡོད་པ་དང༌། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་34.5 ཡོད་པ་མ་ཟད་གཤམ་འོག་ལ་རྫོང་བདུན་དང༌། ཤའང་106 སྲིད་འཛིན་གྲོང་ཚོ་359 བཅས་ཡོད་པ་རེད།

2.jpg

ས་ཁུལ་ཡོངས་ལ་སྤྱིའི་མི་གྲངས་ཁྲི་6. 9 ཡོད་ཅིང༌། མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་མ་རེར་མི་0.23 ཡིན་པས་ཀྲུང་གོའི་ས་ཁམས་ཆེ་ཤོས་དང༌།མི་འབོར་འདུས་ཚད་ཆུང་ཤོས་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་ཞིག་ཡིན།དེའི་ནང་ནས་ས་མ་འབྲོག་གི་མི་གྲངས་58807 ཡོད་ཅིང་དེས་སྤྱིའི་མི་འབོར་གྱི་བརྒྱ་ཆ་85. 2 ཟིན་གྱི་ཡོད་པ་དང༌།མངའ་རིས་ས་ཁུལ་ལ་འབྲོག་ལས་དང་་གཏེར་ལས་ཡོད་ཅིང༌། བེད་སྤྱོད་ཐུབ་པའི་རྩྭ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་དུང་ཕྱུར་0.186 ཡོད་པ་དང༌། ཕྱུགས་རིགས་མགོ་གྲངས་ཁྲི་270 ཡོད་ཅིང༌། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号