ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། དང་པོ། རི་སྟོང་གི་ཡང་རྩེ་དང་། ཆུ་ཁྲིའི་ཆུ་འགོ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
3.jpg
 ལོའི་ལུག་བལ་གྱི་ཐོན་ཚད་ཏུན་1000 ཟིན་གྱི་ཡོད་པ་དང༌། རའི་ཁུ་ལུ་ཡི་ཐོན་ཚད་ཏུན་170 དང༌། འབྲི་གཡག་གི་ཁུ་ལུའི་ཐོན་ཚད་ཏུན་60 ཟིན་གྱི་ཡོད་པ།ཤ་ཐོན་ཚད་ཏུན་5609 དང་འོ་རིགས་ཐོན་ཚད་ཏུན་6200ལྷག་ཙམ་དང་གཏེར་འདོན་གནས་254 ཙམ་ཡོད་པ་ དང་ནུས་པའི་འབྱུང་ཁུངས་ཡང་ཕུན་སུམ་ཚོགས་པོ་ཡོད་པ་རེད།
ས་ཁུལ་ཡོངས་ལ་ཆུ་བོ་80 ལྷག་ཙམ་དང་མཚེའུ་60 ལྷག་ཙམ་ཡོད་པ་དང༌། གྲགས་པ་ཆེ་བའི་ཆུ་བོ་སེང་གེ་ཁ་འབབ་དང༌། རྟ་མཆོག་ཁ་འབབ།རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ་སོགས་ཡོད་པ་ཅིང༌། མངའ་ཁོངས་ནང་གི་སྤྱིའི་འབབ་རྒྱུན་ལ་སྤྱི་ལེ་9500དང༌། འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས༌སྙོམས་གྲུ་བཞི་མ་ཁྲི་6 ལ་ཉེ་བ་ཡོད་པ་དང་ཆུ་ནུས་ཐོན་ཁུངས་ཀྱི་ཆགས་ཚད་ཆན་ཝ་ཁྲི་2 ཟིན་གྱི་ཡོད། མངའ་རིས་ནི་རླུང་ཁུལ་གཉིས་ངྱརེ་གྲས་ཡིན་པས་རླུང་ཤུགས་ཆ༌སྙོམས་སྐན་ཆ་རེར་རྨིད3.2ཡན་ཡིན་པ་དང༌། རླུང་ཆེན་གྱི་རྒྱག་ཚད་རིམ་པ་8 ཡན་ཡིན་ཞིང༌། ལོ་གཅིག་ནང་རླུང་ཆེན་རྒྱག་པའི་ཉིན་གྲངས༌149 ཡི་གཡས་གཡོན་དུ་སླེབས་ཀྱི་ཡོད།
4.jpg
མངའ་རིས་ས་ཁུལ་ནི་ཧི་མ་ལ་ཡའི་རི་རྒྱུད་དང༌། གངས་ཏི་སི་རི་རྒྱུད།ཁ་ལ་ཁུན་རི་རྒྱུད་འདུས་པའི་སར་གནས་ཤིང༌། འདིར་རི་ཚོགས་མཐོ་དམན་འགྲན་པ་ལྟར་གནས་ཡོད་པས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་རྨིད་4500 ཙམ་ཡོད་ཅིང༌། སྤྱིའི་ས་བབ་ནི་ལྷོ་བྱང་གཉིས་མཐོ་བ་དང༌། དབུས་དམའ་ཙམ་ཡོད་ཅིང༌། ཆ་སྙོམས་དྲོད་ཚད་་ཏུའུ་0ཡིན་པ་རེད།
5.jpg
གངས་ཏི་སི་དང་ཧི་མ་ལ་ཡ་ནས་བྱུང་བའི་ཆུ་བོ་ཆེན་པོ་བཞི་རྣམས་སོ་སོར་ནུབ་བྱང་དང༌། ལྷོ་ནུབ། ཤར་ལྷོ་སོགས་ཀྱི་ཁ་ཕྱོགས་ལྟར་ཧིན་རྡུ་རྒྱ་མཚོ་དང་ཨ་རབ་རྒྱ་མཚོའི་ནང་དུ་སླེབས་ཀྱི་ཡོད། དེར་བརྟེན་མངའ་རིས་ས་ཁུལ་ལ་“འཛམ་གླིང་ཡང་རྩེའི་ཡང་རྩེ་”དང་“རི་སྟོང་གི་ཡང་རྩེ་དང་ཆུ་ཁྲིའི་ཆུ་འགོ་”ཞེས་བརྗོད་པ་ཡིན། འདིར་རི་རྒྱུད་སྒང་གཤོང་མུ་འབྲེལ་ དང༌།མཚེའུ་སྐར་ཚོགས་བཀྲམ་པ་ལྟར།ཀླུང་ཐང་མུ་མཐའ་མི་མངོན་པ་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号