ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། བཅུ་གཅིག སང་ཉིན་གྱི་མངའ་རིས།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      མངའ་རིས་ལ་ས་བབ་རྒྱ་ཆེན་པོ་དང༌། ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་ལྡན་ཞིང༌། སྤུས་ལེགས་ཀྱི་གཏེར་ཏུན་ཐྲི་97ལྷག་ཙམ་ཡོད་པ་རེད། མངའ་རིས་ཀྱི་དམིགས་བསལ་དང་ཁྱད་མཚར་བའི་རང་བྱུང་མཛེས་སྡུག་དང་མིས་བཟོས་ཡུལ་ལྗོངས་ཀྱིས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་པ་སྔར་ལས་མང་བའི་བློ་བཀུག་ཅིང༌། ད་ལྟ་མངའ་རིས་ཀྱི་སྤུ་ཧྲེང་ཚོང་འགྲུལ་གྲུ་ཁ་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཚོང་འགྲུལ་གྲུ་ཁར་གཏན་འཁེལ་བྱས་པ་དང༌།རྩ་མདའ་རྫོང་གི་ཧྲང་པོ་ཆེ་དེ་སྲོལ་རྒྱུན་དམངས་ཁྲོད་ཉོ་ཚོང་ས་ཚིགས་གྲས་སུ་་བཞག་པས་མངའ་རིས་ས་ཁུལ་མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་ལ་ཕན་ནུས་ཡོད་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད། འོན་ཀྱང་དུས་ཡུན་རིང་པོའི་ནང་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཆ་འཕྲིན་གྱི་བཀག་རྒྱ་ཆེ་བས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད་པ་དང༌། 

91.jpg

 བོད་རང་སྐོང་ལྗོངས་སྲིད་གཞུང་གིས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་པ་དང་བསྟུན་ནས་འགྲིམ་འགྲུལ་དང་འཕྲིན་སྐྱེལ་བྱ་གཞག་ལའང་རྒྱུན་ཆད་མེད་པའི་གོང་འཕེལ་བྱུང་ཞིང༌། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱབ་སྐྱོར་འོག དུས་རབས་21པའི་མངའ་རིས་ཡང་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་རྒྱུར་གདོན་མི་ཟའོ།1999 ལོ་ནས་2010 བར་མངའ་རིས་ས་ཁུལ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུའི་གལ་ཆེའི་དུས་སྐབས་ཞིག་ཡིན་ལ། མཐུན་སྒྲིལ་དང༌། ཕྱུག་པོ།ཤེས་རིག་ལྡན་པའི་མངའ་རིས་གསར་པ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་དུས་རིམ་ཞིག་ཡིན།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号