ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། བཅུ་གཅིག སང་ཉིན་གྱི་མངའ་རིས།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

92.jpg

སྤྱི་ལོ་1999―2001ལོ་ནི་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་རྒྱུ་དང༌།སྤྱི་ཚོགས་ཕྱོགས་ཡོངས་ནས་མདུན་དུ་སྐྱོད་རྒྱུའི་བགོ་འགྲེམས་ལུགས་མཐུན་ཆེའི་དུས་སྐབས་ཤིག་ཡིན་ལ་མཐུན་སྒྲིལ་དང༌། ཕྱུག་པོ། ཤེས་རིག་ལྡན་པའི་མངའ་རིས་གསར་པ་འཛུགས་སྐྲུན་བྱེད་པའི་དུས་རིམ་གསར་པ་ཞིག་ཀྱང་ཡིན།ཀྲུང་གུང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་འཚོགས་འདུ་གསུམ་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་ལྔ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གཞིར་བཟུང༌། གྲུང་གུང་མངའ་རིས་ས་ཨུད་དང༌། སྲིད་འཛིན་ཀུང་ཧྲུའུ་ཡིས་མངའ་རིས་ས་ཁུལ་གྱི་དོན་དངོས་ དང༌།བརྟག་དཔྱད་ཞིབ་འཇུག ཕྱོགས་བསྡུས་དབྱེ་ཞིབ། རྒྱ་ཆེའི་བསམ་འཆར་དང་འབྲེལ་བ་བྱས་པའི་རྨང་གཞིའི་སྟེང༌། “དགུ་ལྔའི་འཆར་གཞི་”དང་2001ལོའི་འབད་བརྩོན་གྱི་དམིགས་ཡུལ་དེ་བཞིན་གཙོ་བོའི་སྲིད་ཇུས་ཐབས་ཤེས་ཀྱང་བཏོན་གནང་རེད།སྤྱི་ལོ་1999-2000 ལོར་བར་ནི་མངའ་རིས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དམ་འཛིན་བྱ་རྒྱུའི་དུས་སྐབས་ཤིག་ཡིན་ཞིང༌། དུས་སྐབས་དེའི་ནང་དུ། མངའ་རིས་ས་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་ལོ་རེར་བརྒྱ་ཆ་10 ཡི་མགྱོགས་ཚད་ཀྱིས་འཕེལ་རྒྱས་ཕྱིན་ནས་རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་དངུལ་སྒོར་ཁྲི་31000 ཟིན་ཞིང༌། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་དེ་1980ལོའི་རྨང་གཞིའི་སྟེང་ལྡབ་གཉིས་འཕར་ནས་མང་ཚོགས་རྩ་བའི་ཆ་ནས་དབུལ་སྒྲོལ་ཐུབ་པ་དང༌། མང་ཚོགས་མང་པོ་ཞིག་གི་འཚོ་བའི་ཆུ་ཚད་འབྲིང་ཙམ་ལ་སླེབས་ཅིང༌། འབྲོག་པ་མང་ཚོགས་ཀྱི་གཞིས་ཆགས་པ་དང༌། ཕྱེད་གཞིའི་ཆགས་པའི་ཆ་རྐྱེན་ལའང་ལེགས་བཅོས་བྱུང་ནས་རྨང་གཞིའི་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་ཤུགས་སྣོན་བྱས་པའི་སྔོན་འགྲོའི་འོག དཔལ་འབྱོར་གྱི་འཕེལ་རྒྱས་བརྟན་པོ་ཞིག་རྒྱུན་འཁྱོངས་བྱས་ཡོད་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号