གྲོག་རོང་ཆེན་མོའི་ཆ་སྙོམས་ཀྱི་གཏིང་ཚད་ལ་སྨི་5000ཡོད་པ་དང་གཏིང་ཟབ་ཤོས་ལ་སྨི་5382ཡོད་ཅིང་རིང་ཚད་ལ་སྤྱི་ལེ་490ལྷག་ཙམ་ཡོད།གཙང་ཆུའི་བཞུར་ཚད་མཐོ་ཤོས་ལ་སྐར་ཆ་རེར་སྨི་16རྒྱུགས་འགྲོ་བ་དང༌།རྒྱུགས་ཚད་སྨི་རྒྱ་དཔངས་གྲུ་བཞི་4.425ཟིན་གྱི་ཡོད། ལང་ལོང་འཕྱུར་བའི་ཆུ་བོ་དེས་གྲོག་རོང་མཐིལ་གྱི་རྡོ་ཡང་འཁུར་འགྲོ་ཡི་ཡོད་པ་དང་གྲོག་རོང་གི་གསེབ་ན་ལོ་ངོ་ཁྲི་ཡི་འཁྱགས་རོམ་མཆིས་ལ། ཤང་ཤང་དལ་དུ་རྒྱུ་བའི་ཆུ་མིག་ཡང་ཡོད། གྲོག་རོང་གི་མཐིལ་ནས་རི་རྩེ་བར་རང་བཞིན་ལྷན་སྐྱེས་ཀྱི་ནགས་ཚལ་མུ་མཐའ་བྲལ་བ་ཡོད།

དེ་ལྟར་ཐུན་མོང་མ་ཡིན་པའི་རང་བྱུང་ས་གཤིས་ཀྱིས་ཉིང་ཁྲིའི་གནམ་གཤིས་དང་རང་བྱུང་གི་ཁོར་ཡུག་ཆགས་པ་དང༌། འདི་བོད་ཀྱི་ས་ཆ་གཞན་དང་མི་འདྲ་བར་དྲོ་ཞིང་བཞའ་ཚན་ཆེ་བ་དང་ཆར་ཞོད་ཆེ་ལ་ཉི་མ་འཕྲོས་ཡུན་རིང་ཞིང༌། ལོ་ཆར་ཆུ་འབབ་ཚད་ཧའོ་རྨིད་650ཡི་གཡས་གཡོན་ལ་སླེབས་ཀྱི་ཡོད་པ་དང༌། ལོ་འཁོར་མོར་ཉི་འོད་ཕོག་ཡུན་ཆུ་ཚོད་2022.2ཟིན་ཞིང༌།སད་མི་རྒྱག་པའི་དུས་ནི་ཉིན་180ཡིན་རྐྱེན་འདིར་ས་རྒྱུ་གཤིན་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉིང་ཁྲིའི་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་264ཡོད་པ་དང༌། ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆ་46.1ཟིན་པས་ཀྲུང་གོའི་ནགས་ཁུལ་ཆེ་གྲས་གསུམ་པ་དེ་ཡིན་ཞིང༌། བོད་ཀྱི་ནགས་ཚལ་ལས་བརྒྱ་ཆ་བརྒྱད་ཅུ་འདིར་འདུས་ཡོད་པ་རེད།གཞི་ཁྱོན་ཆེ་བའི་གདོད་མའི་ནགས་ཚལ་ཁྲོད་དུ་ཕུན་སུམ་ཚོགས་པའི་ནགས་ལས་ཐོན་ཁུངས་དང་ནོར་སྲིད་སྒྲིག་སྲོལ་ཁྲོད་ཀྱི་ཐོན་རྫས་དེ་བཞིན་ཆེས་དཀོན་ཞིང་ངོ་མཚར་ཆེ་བའི་སྲོག་ཆགས་དང་རྩི་ཤིང་ཡང་ཡོད། ཉིང་ཁྲི་ས་ཁུལ་ཧྲིལ་པོའི་ལྷོ་ནས་བྱང་བར་དུ། མཚོ་ལྷོའི་གླིང་ཕྲན་ནས་བྱང་སྣེའི་བར་གྱི་རྩི་ཤིང་འདུས་ཡོད་ཅིང༌། ད་བར་ཤེས་རྟོགས་དང་ར་སྤྲོད་བྱུང་བ་གཉིག་པུར་སྣེ་གྲངས་3500ཙམ་ཡོད་པ་དང༌། གངས་རི་དང༌།ནགས་ཚལ། གྲོག་རོང་བཅས་ཀྱིས་གཞན་དང་མི་འདྲ་བའི་ཉིང་ཁྲིའི་རང་བྱུང་མཛེས་ལྗོངས་ཁུལ་འདི་གྲུབ་ཅིང་གངས་རིའི་ར་བས་སྐོར་བའི་སྔོ་ལྗང་གི་འཇིག་རྟེན་ཞིག་ང་ཚོའི་མིག་མདུན་དུ་ཁྲ་ལྷམ་མེར་འཆར་རྒྱུ་བྱུང་བ་རེད། 2/2 མདུན་ངོས། 上一页 1 2 |