ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། གཉིས་པ། དེ་མོའི་བྲག་བརྐོས་ལོ་ལོ་རྒྱུས།
སྤེལ་དུས།05-09  ཡོང་ཁུངས།  རྩོམ་པ་པོ།
   བྲག་ཐོག་ཏུ་ཡར་ཀླུང་ཚོ་པའི་སྡེ་དཔོན་དང་པོ་གཉའ་ཁྲི་བཙན་པོ་སྤོ་མེས་ནས་ཀོང་པོའི་བྱམས་ཐོག་རིར་ཕེབས་ཞིང་དེ་ནས་འགོ་བཙུགས་ཏེ་ཚོ་དཔོན་གྱི་འགན་བཞེས་འགོ་ཚུགས་པ་དང་སྔ་རྗེས་སུ་རྒྱལ་རབས་བདུན་ཕོ་བྲང་འཕྱིང་བ་སྟག་རྩེར་བཞུགས། སྤྱི་ལོའི་དུས་རབས་དང་པོའི་སྔ་རྗེས་སུ་ཡར་ཀླུང་ཚོ་པའི་རྗེ་བློན་བར་དབང་ཆའི་འཁྲུག་རྩོད་བྱུང་ནས་བོད་ཀྱི་བཙན་པོ་བདུན་པ་གྲི་གུམ་བཙན་པོ་བཀྲོངས། ཁོང་གི་སྲས་ཉ་ཁྲི་དང་བྱ་ཁྲི་གཉིས་ཀོང་པོ་རུ་བྲོས།ཕྱིས་ནུ་བོ་བྱ་ཁྲིས་ཀོང་པོ་ནས་ཡར་ཀླུང་དུ་ཕྱིར་ལོག་བྱས་པས་ཡར་ཀླུང་ཚོ་པའི་སྡེ་དཔོན་ཨང་བརྒྱད་པ་སྤུ་དེ་གུང་རྒྱལ་ཞེས་པ་དེ་ཡིན། དེ་མིན་ཕུ་བོ་ཉ་ཁྲི་ཀོང་པོར་རང་འཇགས་བསྡད་ནས་མུ་མཐུད་ཀོང་པོའི་སྡེ་དཔོན་བྱས་ཏེ་ཀོང་པོའི་སྡེ་དཔོན་གྱི་རྒྱུད་པ་བྱུང་བའི་སྐོར་བཀོད་ཡོད་པ་དང༌། བྲག་བརྐོས་ཡི་གེ་དེ་ནི་དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེ་བཙན་གྱིས་ཀོང་པོའི་རྒྱལ་པོར་གནང་བའི་མནའ་ཡིག་ཅིག་ཡིན་ཞིང་དེ་བྲག་ལ་བརྐོས་ནས་ཉར་ཚགས་བྱས་པ་ཞིག་གོ
8.jpg
ས་སྐྱ་དང་ཕག་མོ་གྲུ་པས་(སྤྱི་ལོའི་དུས་རབས༌13ནས༌16བར་)བོད་དུ་དབང་བསྒྱུར་བྱེད་རིང་ཉིང་ཁྲི་ས་ཁུལ་ཀརྨ་བཀའ་རྒྱུད་པའ་མངའ་འོག་ཏུ་བསྡུས། སྤྱི་ལོའི་དུས་རབས་17པར་དགའ་ལྡན་ཕོ་བྲང་གི་སྲིད་དབང་དབུ་བརྙེས་ནས་ཉིང་ཁྲི་ས་ཁུལ་དེ་ཉིད་ང་ཕོད་དང༌། ཅང་ཀྲུང༌། རྒྱ་ལྷ་སོགས༌།   ས་གནས་སྡེ་དཔོན་གྱི་དབང་དུ་བསྡུས།   མི་རིང་བར་སླར་ཡང་རྩེ་ལྷ་དང༌། ཇོ༌མོ། ཞོལ་ཁ། རྒྱ་མདའ་བཅས་ཀྱི་རྫོང་ཁག་བྱུང༌། ཐུགས་རྗེ་བཀའ་རྣམ༌སྡེ་པས་སྤོ་མེས་ས་ཁུལ་དུ་དུས་ཡུན་རིང༌པོར་ དབང་བསྒྱུར་བྱས་པ་དང༌།1931ལོར་བོད་ས་གནས་སྲིད་གཞུང་གིས་སྤོ་མེས་ས་ཁུལ་དག་སྤོ་སྟོད་དང་སྤོ་མེས་རྫོང་ཁག་གཉིས་སུ་བགོས། མེ་ཏོག་ས་ཁུལ་དེ་མེ་ཏོག་རྫོང་དུ་བསྒྱུར།1951ལོ་ཟླ་5པར་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་1959ལོར་དམངས་གཙོའི་བཅོས་བསྒྱུར་བྱས།1960ལོ་ཟླ་1པོར་དྭགས་ཀོང་ཀྲོན་ཧྲུའུ་དབུ་བརྙེས་པ་དང་ལོ་དེའི་ཟླ་བ་གཉིས་པར་ཉིང་ཁྲི་ཀྲོན་ཧྲུའུ་ལ་བསྒྱུར།1963ལོའི་ཟླ་10པར་ཉིང་ཁྲི་ཀྲོན་ཧྲུའུ་མེད་པ་བཟོས་ནས་སྤོ་མེས་རྫོང་དེ་ཆབ་མདོ་ས་ཁུལ་གྱི་ཁོངས་དང་ཉིང་ཁྲི། ཀོང་པོ་རྒྱ་མདའ། སྨན་གླིང༌། མེ་ཏོག་བཅས་རྫོང་ཁག་བཞི་ལྷ་ས་གྲོང་ཁྱེར་ཁོངས་སུ་བཞག 1986ལོའི་ཟླ་2པའི་ཚེས་1ཉིན་ཉིང་ཁྲི་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་དངོས་སུ་སླར་གསོ་བྱས་ནས་ཉིང་ཁྲི། སྨན་གླིང༌། ཀོང་པོ་རྒྱ་མདའ། མེ་ཏོག སྤོ་མེས། རྫ་ཡུལ།སྣང་བཅས་རྫོང་ཁག་བདུན་དང་ཤང་55སྲིད་འཛིན་གྲོང་ཚོ་614བཅས་དེའི་མངའ་ཁོངས་སུ་བཙུད་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号