ཉིང་ཁྲི་ས་གནས་སུ་ད་དུང་སློབ་གྲྭ་ཆེན་མོ་ཞིག་ཡོད་པ་དེ་ནི་བོད་ལྗོངས་འིང་འབྲོག་སློབ་ཆེན་ཡིན། སློབ་གྲྭ་དེ་ནི་1978ལོར་དབུ་བརྙེས་པ་དང༌། དེ་ནི་མི་རིགས་སློབ་གྲྭ་ཉིང་ཁྲི་ཡན་ལག་སློབ་གྲྭའི་རྨང་གཞིའི་ཐོག་གྲུབ་པ་ཡིན།སློབ་གྲྭ་ཐོག་མ་དཔུ་བརྙེས་སྐབས་ཀྱི་ལོ་10ཡི་ནང་རྒྱལ་ཁབ་ནས་དངུལ་སྒོར་ཁྲི་6000ལྷག་ཙམ་བཏང་སྟེ། ནང་སའི་སློང་གྲྭ་ཉི་ཤུར་དགེ་རྒན་མི་གྲངས་100གསོ་སྦྱོང་བྱེད་དུ་བཏང་བ་རེད།ད་ཆ་སློབ་གྲྭ་འདིར་ཞིང་ལས་དང་ཕྱུགས་ལས། ནགས་ལས། ཆུ་གློག་བཅས་ཀྱི་ཚན་ཁག་བཞི་དཡ༌། ཞིང་ལས་དང་འབྲོག་ལས། ཕྱུགས་རིགས་སྨན་པ།ནགས་ལས། གློག་ཤུགས་བཅས་ཀྱི་ཆེད་ལས་ལྔ་དང་དེ་མིན་མཐོ་སྒང་གི་སྐྱེ་ལུགས་ཚོད་ལྟ་སོའོ་སོགས་ཡོད།
བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་རྒྱ་ཁྱོན་ཆེ་ཙམ་ཡོད་དེ། སློབ་གྲྭའི་ས་ཁྱོན་ལ་སྤྱི་ཆིང་100ཡོད་པ་དང༌། སློབ་མའི་ཉལ་ཁང་ལ་རྒྱ་ཁྱོན་སྨི་གྲུ་བཞི་མ་53000ཡོད། དེ་མིན་གློག་སྤྱད་སློབ་ཁྲིད་ལྟེ་གནས་བཙུགས་ཡོད་ལ་སློབ་ཁང་དང་ཚན་ཞིབ་ཚོད་ལྟ་ཁང༌། སྐད་སྦྱོང་ཚོད་ལྟ་ཁང་བཅས་33ཡོད། གཞན་ཡང་སློབ་ཁྲིད་ལ་མཁོ་བའི་ཞིང་ར་དང་ནགས་ར། ཤིང་གསོན་ར་བ། ལྡུམ་ར། གློག་འཕྲུལ་བཟོ་གྲྭ། གློག་ཁང་སོགས་ཀྱང་ཡོད་པ་མ་ཟད། སྒྲིག་ཆས་ཆ་ཚང་བའི་རྩིས་འཁོར་གྱི་ལྟེ་གནས་ཀྱང་ཡོད་པ་དང༌།དཔེ་མཛོད་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་40000ཡོད་པ་དང༌། དེབ་སྣ་གསུམ་འབུམ་ལྷག་ཙམ་དང་དུས་དེབ་སྣེ་ཁ་ཆིག་སྟོང་ལྷག་ཙམ་ཉརཙཚགས་བྱས་ཡོད། སློབ་གྲྭ་བཙུགས་ནས་ལོ་ངོ་ཉི་ཤུ་འདས་རིང་སློབ་གྲྭ་འདི་ནས་སློབ་མ་5000ཙམ་ཐོན་པས་བོད་ཀྱི་ཞིང་འབྲོག་ལས་རིགས་གོང་དུ་སྤེལ་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
ཉིང་ཁྲིའི་སློཔ་གསོ་གོང་དུ་འཕེལ་ཏེ་མི་དམངས་ཀྱི་ཡོན་ཚད་ཀྱང་ཇེ་མཐོར་སོང་བས། 1959ལོའི་གོང་ལ་ཉིང་ཁྲི་ཁུལ་དུ་ཡིག་རྨོངས་པ་བརྒྱ་ཆ་98ཟིན་ཡོད་ཀྱང་ད་ལྟ་ཡོངས་ཁྱབ་ཏུ་བརྒྱ་ཆ་70བར་ཆག་པ་དང༌། ཤའང་གྲོང་འགའ་ཞིག་ཏུ་བརྒྱ་ཆ་60བར་ཆག་པ།སྲིད་གཞུང་རིམ་པ་ཁག་གནས་ཡུལ་དུ་བརྒྱ་ཆ་5ནས༌10བར་ཆག་ཡོད་པ་རེད། 2/2 མདུན་ངོས། 上一页 1 2 |