ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། དགུ་པ། ཀོང་པོའི་ལོ་གསར་གྱི་འབྱུང་ཁུངས་དང་གོམས་གཤིས།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
54.jpg
ལོ་གསར་ཚེས་གཅིག་ཉིན། མི་རྣམས་ཀྱིས་མཆོད་རྫས་དང་ཆང་འཁྱེར་ནས་རང་རང་གི་ཞིང་ཁའི་ཐོག་བསྐྱོད་དེ་འཛམ་པ་ལྷར་མཆོད་པ་འབུལ་བཞིན་ཡོད། ཁོ་ཚོས་སྨྱུག་མའམ་ཤིང་རིགས་གང་རུང་ཞིག་གི་ཐོག་ཏུ་དར་ལྕོག་ལྔ་ལྡན་འབྲེལ་ནས་སའི་དཀྱིལ་དུ་འཛུགས་པ་དང་དེ་རྗེས་གཞས་བཏང་ཞབ་བྲོ་འཁྲབ་ཏེ་འཛམ་པ་ལྷར་འབྱུང་འགྱུར་གྱི་ལོ་ཟླའི་ཁྲོད་ལོ་ལེགས་ཡོང་རྒྱུའི་སྨོན་ལམ་འདེབས་བཞིན་མཆིས།
ལོ་གསར་གྱི་རོལ་རྩེད་བྱ་འགུལ་སྣེ་ཁ་མང་ཞིང་དམིགས་བསལ་གྱི་ཁྱད་ཆོས་ཀྱང་ལྡན། ཚེས་གཉིས་ནས་འགོ་བཙུགས་ཏེ་སྐྱེས་པ་ཚོས་འཕོང་རྒྱུག་འགྲན་བསྡུར་བྱེད་ཀྱི་ཡོད། ཀོང་པོ་ས་ཁུལ་གྱི་མདའ་ཚང་མ་སྒྲ་ལྡན་མདའ་མོ་ཡིན་ཞིང༌། མདའ་མགོ་ནི་ཤིང་བཟོས་སྙུང་རིལ་དབྱིབས་དང་དེའི་ཐོག་བུ་ག་ཆུང་ཆུང་མང་པོ་ཡོད། མདའ་མོ་གཞུ་ལས་བྲལ་རྗེས་མཁའ་རླུང་བུ་གར་འཛུལ་ཏེ་ཤུར་སྒྲ་སྒྲོག་བཞིན་ཡོད། དེ་མིན་སྦེ་ག་དང༌། རྡོ་འགྱོག ཤིང་གཅོད་སོགས་པའི་རྩེད་སྣ་ཡོད། བུད་མེད་རྣམས་ཀྱིས་རྟ་པ་དང་མདའ་པ་ཚོར་གཞས་གཏོང་བ་ཕུད་ཚང་མ་མཉམ་སྡོད་ཀྱིས་རྩེད་མོ་སྣ་ཚོགས་རྩེད་རྒྱུ་ཡོད།དགོང་མོར་ཐང་ཆེན་དུ་མེ་ཕུང་སྤོར་བ་དང༌། མེ་ཕུང་གི་འཁྲིས་སུ་ཤིང་ཟོམ་ཆེན་པོ་ཞིག་འཇོག་བའིན་ཡོད། གང་ལྟར་ཞབས་བྲོ་རྒྱག་པར་ཡོང་མཁན་ཡིན་ཕྱིན་ཚང་མས་ཆང་དམ་བི་གང་རེ་འཁྱེར་ཏེ་ཤིང་ཟོམ་ནང་བླུགས་ཀྱི་ཡོད། དེ་ནས་མེ་ཕུང་ལ་བསྐོར་ནས་གའས་དང་ཞབས་བྲོར་རོལ་འིང་སྦྲང་རྩིའི་སྙིང་བཅུད་ལ་ཆགས་བཞིན་མཆིས།
ཉིང་ཁྲི་དང་སྤོ་མེས་ཁུལ་གྱི་ཤར་པའི་དོམ་འགྲན་དུས་ཆེན་ནི་མིང་གྲགས་ཡོད་པའི་དམངས་སྲོལ་དུས་ཆེན་ཞིག་ཡིན།  ལོ་རེའི་བོད་ཟླ་ལྔ་པའི་ཚེས་ལྔ་ཉིན། གྲོང་ཚོའི་སྐྱེ་བོ་རྒན་བྱིས་ཚང་མས་དུས་ཆེན་གྱི་གོས་གྱོན་ཏེ་སྒྲོལ་མ་རི་བོར་བསྐྱོད་དེ་བཙན་ལྷ་དང་དཀོན་མཆོག་ལ་བསང་གསོལ་ནས་ལོ་ཆུ་ལེགས་ཤིང་དམངས་རྣམས་བདེ་བ་ཡོང་རྒྱུར་གསོལ་བ་སྨོན་ལམ་འདེབས་བཞིན་མཆིས། དེ་རྗེས་བུད་མེད་ཚོས་སྐོར་ཀའས་འཁྲབ་སྐབས་གློ་བུར་དུ་དོམ་བདུན་འུར་སྒྲ་དང་བཅས་ནགས་གསེབ་ཁྲོད་ལས་ཕྱིར་པྱུང་སྟེ་མི་ཚོགས་ཀྱི་དབྱིལ་དུ་འོང་པ་དང་དེར་རྔོན་པ་གསུམ་གྱིས་བསྐྱོད་རྣས་ལྟད་མོ་འིན་ཏུ་ཆེ་བའི་“དོམ་འགྲན་”རྩེད་མོ་འགོ་ཚུགས་ཀྱི་ཡོད། ངག་རྒྱུན་དུ་དུས་རབས་བཅུ་བདུན་པར་ཆོས་ལུགས་ཀྱི་བྱེད་སྐོ་ཞིག་གི་ཁྲོད་དུ་ངོམ་ལ་ལྟད་མོ་ལྟ་བ་དེ་བཀྲ་འིས་པའི་དོན་ཁིག་ཏུ་བརྩིས་ཤིང༌། ལོ་ཤས་རྗེས་ཆོས་ལུགས་ཀྱི་རྣང་དོན་ལྡན་པ་དེ་ཡུལ་གོམས་གའིས་ལུགས་ཤིག་ལ་གྱུར། དེ་དང་བསྡུར་ན་བོན་རིར་བྱ་རྒོད་མཆོད་པའི་དུས་ཆེན་འདི་ཆོས་ལུགས་ཀྱི་རྣམ་ལྡན་པ་ཞིག་ཡིན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号