ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། དགུ་པ། ཀོང་པོའི་ལོ་གསར་གྱི་འབྱུང་ཁུངས་དང་གོམས་གཤིས།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
55.jpg
བོན་རི་ནི་བོན་ཆོས་ལ་དད་མོས་བྱེད་མི་ཚོས་ལྷ་རི་ཞིག་ཏུ་རྩིས་ཤིང་སྟེང་དུ་ས་སྐྱ་ཀུན་མཁྱེན་གླིང་ཞེས་པའི་དགོན་པ་ཞིག་ཡོད་པ་དེ་ནི་བོན་ཆོས་ཀྱི་དགོན་པ་རྙིང་ཤོས་དེ་ཡིན། ད་བར་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན། ལོ་རེའི་བོད་ཟླ་བའི་པར་བྱ་རྒོད་མང་པོ་ཞིག་དགོན་པར་ལྡིང་སྐོར་རྒྱག་བཞིན་འདུག བོན་ཆོས་ཀྱི་བླ་མ་ཆེ་གྲས་ཤིག་མ་འདས་གོང་ཁོང་གི་ང་འཆི་རྗེས་སླར་ཡང་སྐྱེ་བ་མི་འཕོ་བས་ངས་བྱ་རྒོད་100ལ་སྤྲུལ་ནས་ཁྱེད་ཚོར་ལྟ་བར་ཡོང་ཆོག་ཅེས་པའི་བཤད་སྲོལ་མཆིས།བླ་མ་དེ་ལ་དྲན་གསོ་ཞུ་ཆེད་བོད་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་ཉེ་འཁོར་གྱི་སྐྱེ་བོ་རྒན་གཞོན་ཚང་མས་གཟབ་མཆོར་སྤྲས་ཤིང་དགོན་པར་འོང་སྟེ་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང༌། འཁྲུག་ཆ་དོད་པའི་ཀོང་པོའི་ཞབས་བྲོ་འཁྲབ་ཏེ་འབྲུ་རིགས་སྣ་ལྔའི་ལོ་ལེགས་དང་མི་བདེ་ཕྱུགས་དར་ཡོང་རྒྱུའི་གསོལ་བ་སྨོན་ལམ་འདེབས་བཞིན་ཀྱི་ཡོད།
ཀོང་པོ་བ་ཚོ་མདའ་ལ་དཀའ་བས་རྒྱུན་པར་མདའ་རྩེད་རྩེད་ཅིང་དུས་ཆེན་ཁག་ལ་མདའ་འགྲན་པར་བྱེད། དེའི་སྐབས་སུ་ལྟད་མོ་བ་ཚོས་མཐའ་སྐོར་ནས་གླུ་གར་གྱི་རྟེན་འབྲེལ་ཡང་བྱེད་པ་ནི་ཀོང་པོ་བའི་ཡུལ་སྲོལ་ཁྱད་པར་ཅན་ཞིག་ཡིན། མདའ་རྩལ་འགྲན་པའི་སྐབས་ངེས་པར་དུ་གླུ་ལེན་དགོས་པས་གླུ་ལེན་མཁན་ནི་གྲོང་ཚོ་ཁག་གི་གླུ་པ་མཁས་ཅན་ཤ་སྟག་ཡིན། ཁོ་ཚོས་གཟབ་མཆོར་སྤྲས་ཏེ་འཕོང་རའི་གཡས་སུ་བུ་དང་གཡོན་དུ་བུ་མོ་རུ་སྟར་སྒྲིག་ཏེ་རང་རང་གྲོང་ཚོའི་མདའ་པས་མདའ་འཕེན་སྐབས་མདའ་གའས་ལེན་བཞིན་དུ་བྲོ་ཡང་འཁྲབ་ཀྱི་ཡོད་པས་དངོས་འབྲེལ་མིག་གི་ལོངས་སྤྱོད་དུ་གྱུར་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号