ཉིང་ཁྲི་ས་གནས་མང་ཚོགས་ཀྱིས་ཐུན་མོང་མ་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོའི་ཁྱད་ཆོས་རྒྱུན་འཁྱོངས་བྱས་ཡོད།

ཀོང་པོ་བ་རྣམས་སྔོན་མ་ནས་བོན་ཆོས་ལ་དད་ཅིང། བོན་ཆོས་ཀྱི་གྲགས་ཅན་རི་བོ་བོན་རི་ཞེས་པ་ཉིང་ཁྲི་རྫོང་ནང་དུ་མཆིས་ཁར། བོན་ཆོས་ཀྱི་སྲོལ་གཏོད་མེས་པོ་གཤེན་རབ་མི་བོ་ཆེ་གནས་འདི་གར་སྐོམ་བརྒྱབ་པ་མ་ཟད་འབྲས་བུའང་ཐོན་པ་ངག་རྒྱུན་དུ་དར། རྗེས་སུ་བོན་ཆོས་རང་འཕེར་གྱི་འཕེལ་རྒྱས་འགྲོ་བའི་དུས་རིམ་བྲོད། བོད་བརྒྱུད་ནང་བསྟན་དང་རྩོད་སྒྲུབ་ཐེངས་མང་བྱུང་རྐྱེན་རྩོད་པ་ཕམ་ནས་
བོད་བརྒྱུད་རང་བསྟན་རིག་གནས་དང་ངོ་བོ་གཅིག་ཏུ་གྱུར། འོན་ཏེ་ཉིང་ཁྲིར་ད་ཆའང་མེས་པོ་ཚོའི་ཆོས་ལུགས་ཀྱི་ལྟ་བ་མི་ཉུང་བ་སྲུང་སྐྱོང་བྱས་འདུག ལོ་རེའི་བོད་ཟླ་བའི་པའི་ཚེས་བཅོ་ལྔ་ཉིན། ཉིང་ཁྲིའི་དུད་ཁྱིམ་ཚང་མའི་སྐྱེས་བུ་རྣམས་བོན་རིར༌རི་སྐོར་དུ་འགྲོ་ཡི་ཡོད། རི་སྐོར་ཐེངས་གཅིག་ལ་རིང་ཚད་སྤྱི་ལེ་5ཙམ་ཡོད། དེ་མིན་ཉིང་ཁྲི་གྲོང་ཚོའི་ལོ་ངོ་སྟོང་གི་ཤིང་སྡོང་དེ་དག་ནི་ཁོ་ཚོའི་ཆོས་སློར་བྱ་ཡུལ་ཁིག་ཏུའང་གྱུར། 1/3 1 2 3 下一页 尾页 |