ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བཅུ་པ། གྲུབ་མཐའ་དང་། དགོན་སྡེ། མཆོད་རྟེན།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གཞན་ཡང་ཉིང་ཁྲི་རྫོང་གི་སྟག་རྩེ་དགོན་པ་(བོད་ཀྱི་བོན་ཆོས་དགོན་སྡེ་ཆེ་གྲས་གཉིས་པར་གྲགས་)དང༌། བཟོ་སྐྲུན་གྱི་བཀོད་པ་མཚར་བའི་ཉིང་ཁྲི་བླ་མ་གླིང་(གཞན་“ཟངས་མདོག་དཔལ་རི་”བརྗོད།) བུ་ཆུ་སྲིད་བརྗིད་ལྷ་ཁང་བཅས་དང༌། སྣང་རྫོང་གི་དཔལ་ཆོས་སྡེ་(ལོ་ངོ་1000ལྷག་གི་ལོ་རྒྱུས་ལྡན།) སྤོ་མེས་རྫོང་གི་དར་མདོང་དགོན(གཞན་དགའ་བ་ལུང་དགོན་བརྗོད་ལ་ལོ་ངོ་600ལོ་རྒྱུས་ལྡན།) མེ༌ཏོག་རྫོང་གི་རིན་ཆེན་ཕུང་དགོན་(ནང༌ཆོས་སློབ་མའི་དག་ཁིང་“པད་མ་སྒང་” དུ་བསྐྱོད་རྒྱུའི་གྲགས་དགོན། ལོ་ངོ་350ལོ་རྒྱུས་ལྡན།) ཀོང་པོ་རྒྱ་མདའ༌རྫོང་གི་བཀྲ་ཤིས་ཆོས་གླིང་དགོན་(ལོ་ངོ༌570ལོ་རྒྱུས་ལྡན་)དང༌། ལྷ་རུ་དགོན། རྫ་ཡུལ་རྫོང་གི་དྭགས་པོ་དགོན་(ལོ་ངོ་1000ལྷག་གི་ལོ་རྒྱུས་ལྡན་)ལ་སོགས་པཚང་མ་ས་གནས་དེ་གའི་གནའ་བོའི་དགོན་རྙིང་ཤ་སྟག་ཡིན།
ཉིང་ཁྲི་ས་གནས་ཀྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་དང་དགོན་པའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ལག་བསྟར་དང༌། གྲྭ་བཙུན་གྱི་ལུགས་མཐུན་ཆོས་ལུགས་བྱེད་སྒོ་དང་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་སྲུང་སྐྱོང་བྱས་ཏེ། དགོན་སྡེ་རྣམས་རིམ་བའིན་ནང་བསྟན་རིག་པར་ཞིབ་འཇུག་དང༌། ནང་བསྟན་དར་སྤེལ། དད་མོས་ལ་སྲུང་བརྩི། རིག་དངོས སྲུང་སྐྱོབ་དང་འབྲེལ་སྤྲོ་གསེང་ལྟ་སྐོར་བྱ་ཡུལ་དུ་གྱུར་བའིན་ཡོད་པ་རེད།
59.jpg
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号