ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བཅུ་གཉིས། རི་སྐྱེས་སྲོག་ཆགས་ཀྱི་བང་མཛོད།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
རྒྱ་མཚོའི་ངོས་ལས་མཐོ་ཚད་ཅུང་དམའ་བའི་ཚ་ཁུལ་གྱི་རྒྱུན་ལྡན་ལོ་འདབ་སྔོ་ཐིང་ངེར་ཡོད་པའི་རྩི་ཤིང་ནང༌། དར་ཤིང་དང༌། སྟག་མོ་ཤིང༌། ལྷོ་སྡོང་སོགས་ཤིང་སྣ་རྩ་ཆེན་མང་པོ་ཡོད།རི་ཞིང་ཚ་ཁུལ་དང་རི་ཞིང་གི་དྲོ་ཁུལ་གྱི་ནགས་ཚལ་ནང་ད་དུང་ཧ་ཅང་དཀོན་པའི་ལོ་མ་ཕྲ་རིགས་ཀྱི་ཤིང་སྡོང་མང་དག་ཡོད་དེ། དཔེར་ན་གསོམ་ཤིང་དང༌། ཡུན་ནན་གྱི་སྲན་དམར། ཧེ་མ་ལ་ཡའི་སྲན་དམར་ཙམ་མ་ཟད།ཡལ་གསུམ་གསོམ་ཤིང༌། མཚོ་ལྷོའི་སྡོང་ཕུང༌། ལྷ་ཤིང་ཤུག་པ་བཅས་ཡོད་པ་ལས་སྲན་དམར་དང་མཚོ་ལྷོའི་སྡོང་ཕུང་གི་ཡལ་འདབ་ནང་ནས་སྐྲན་ནདེ་འགོག་བྱེད་ཀྱི་སྨན་གྲུབ་སྦྱོར་བྱེད་ཐུབ་ཀྱི་ཡོད། རང་བྱུང་སྲུང་ཁུལ་གྱི་ཁ་རྩ་མེད་དུ་ཕྱིན་པའི་“འགྱུར་རྡོ་གསོན་པོ་”ཞེས་འབོད་པའི་རྒྱལ་ཁབ་ཀྱི་སྲུང་རིམ་དང་པོའི་ཤིང་སཱ་ལ་ཡང་ཡོད།
ཉིང་ཁྲིར་ཐོན་ཁུངས་གཙོ་བོ་བཟའ་བྱའི་ཤ་མོའི་རིགས་དང་རྩ་སྨན་རིགས། རྩི་ཤིང་རྩ་ཆེན་ཡོད་པའི་ནང་ནས་ཆུ་ཤ་དང༌། སངས་རྒྱས་ཤ་མོགཚི་ལུ་ཤ་མོག་ལ་སོགས་ཡོད་པ་ནི་བྲོ་བ་ཞིམ་ལ་འབག་བཙོག་མེད་པས་རྒྱལ་སྤྱི་རྒྱལ་ནང་དུ་གྲགས་པ་ཆེ། སྨན་རིགས་སྐྱེ་དངོས་གཙོ་བོར་གངས་ལྷ་མེ་ཏོག་དང༌། དབྱར་རྩྭ་དགུན་འབུ། སྲོ་ལོ་དམར་པོ། སྡོང་ཕུང༌། ཨ་བེ་ཁ་ཞན་པ། ཀླུ་བདུད་རྡོ་རྗེ། ཤིང་ཚ། སེའུ་དམར་སྤུང་སོགས་ཡོད་པས་ལོ་ལྟར་སྨན་རྫས་མང་པོ་ཐོན་སྐྱེད་བྱས་ཏེ་བོད་ལྗོངས་ཡོངས་དང་རྒྱལ་ཡོངས་སུ་མཁོ་འདོན་བྱེད་པ་མ་ཟད། དེ་མིན་རི་སྐྱེས་མེ་ཏོག་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན་སྣལ་མའི་མེ་ཏོག་གི་རྩི་ཤིང་རིགས་80ཙམ་ཟིན་པ་དང༌། གསར་སྤེལ་གྱི་མདུན་ལྗོངས་ཀྱང་ཧ་ཅང་རྒྱ་ཆེན་པོར་སྣང༌།
ཉིང་ཁྲིར་རྩི་ཤིང་ཕུད་པའི་རི་དྭགས་ཀྱི་རིགས་ཀྱང་མང་པོ་ཡོད་ལ་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད་དཔེར་ན།   སྟག་དང༌།   ཤྭ་བ།འབྲོང༌། གཙོད། གླ་བ་སོགས་རྒྱལ་ཁབ་ཀྱི་གཙོ་བོར་སྲུང་སྐྱོང་བྱེད་པའི་སྲོག་ཆགས་མང་དག་ཞིག་ཡོད། དེའི་ནང་རྒྱལ་ཁབ་ཀྱི་སྲུང་རིམ་དང་པོའི་སྲོག་ཆགས་རིགས་30དང་སྲུང་རིམ་གཉིས་པའི་སྲོག་ཆགས་རིགས་65ཡོད།
68.jpg
      དུས་ཡུན་རིང་པོར་བོད་མི་དམངས་ཀྱི་རི་དྭགས་དང་སྲོག་ཆགས་གང་ཡིན་ལ་མ་ལྟོས་པར་ཤ་ཞེན་བྱེད་པའི་སྲོལ་རྒྱུན་གྱི་སྤྱོད་བཟང་དང་རང་ཉིད་ཀྱི་གཉེན་ཉེ་ལྟ་བུའི་འདུ་ཤེས་བཅངས་རྐྱེན།བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་ལ་བརྟན་ལྷིང་གི་ཁོར་ཡུག་ཞིག་བསྐྲུན་ཡོད་པ་རེད། དེ་གའི་ཕུན་སུམ་ཚོགས་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་སྲུང་སྐྱོང་ནན་ཏན་དང་ལུགས་མཐུན་གྱིས་གསར་སྤེལ་བྱེད་ཆེད། ཉིང་ཁྲི་ས་གནས་ཀྱི་རིམ་པ་ཁག་གི་སྲིད་གཞུང་གིས་《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་》དང་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་ཁྲིམས་འཛིན་དོ་དམ་དང་ནགས་ལས་སྤྱི་བདེ་ལས་ཁུངས་བཙུགས་ཏེ། སྲུང་སྐྱོང་དོ་དམ་བྱ་རྒྱུ་གཏན་འབེབ་བྱས་ཤིང༌། ད་ལྟ་ས་གནས་ཡོངས་སུ་ནགས་ལས་དོ་དམ་མི་སྣ་80དང༌། ནགས་ལས་སྤྱི་བདེ་མི་སྣ་33ཡོད་ལ། ད་དུང་གཞུང་ལམ་རྒྱུད་དུ་ནགས་ལས་སྲིད་འཛིན་ཞིབ་བཤེར་ས་ཚིགས་བཅས་ཀྱང་བཙུགས་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号