ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བཅུ་གསུམ། ཉིང་ཁྲིའི་རང་བྱུང་སྲུང་ཁུལ་ལྔ།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
བདེ་ནང་གི་རྒྱ་ར་སྲུང་ཁུལ་ནི་གཉན་ལྷ་གཙང་པོ་འབབ་རྒྱུད་ཀྱི་ལྷོ་ངོས་སྤྱི་ལེ་50ཙམ་གྱི་སར་ཡོད། ནུའུ་ཁུང་ཆུ་བོ་ནི་བྱང་ནས་ཤར་ལྷོའི་མཚམས་སུ་འབབ་ཅིང༌། ལོ་རེའི་དགུན་དུས་སུ་ཤར་ནུབ་གཉིས་ཀྱི་རི་བོར་མཐོ་ཚད་རྒྱ༌མཚོའི་ངོས་ལས་སྨི་4000ཡན་ཟིན་པ་
73.jpg
ལོ༌རེའི་དགུན་དུས་སུ་གངས་ཀྱི་ཁེབས།རི་བོ་དེ་གཉིས་ཀྱི་ཁ་བ་བཞུར་ནས་འཁྱགས་རོམ་ཆགས་ཏེ། འགྲོ་བའི་ལམ་བུ་ནི་ཤར་ལྷོ་ནས་ཡར་ཀླུང་གཙང་པོའི་རྒྱུད་དུ་མ་གཏོགས་མེད་པས་རང་བྱུང་གི་བཙག་སྦུག་ལྟ་བུར་གྱུར་ནས་བདེ་ནང་གི་རང་བྱུང་སྲུང་ཁུལ་དེ་རྒྱ་རའི་“ཉེན་གཡོལ་”གྱི་གནས་ལྟར་གྲུབ།
སྤོ་མེས་རྫོང་སྒང་ཤའང་རང་བྱུང་སྲུང་ཁུལ་ནི་ཡུན་ཧྲན་གསོམ་ཤིང་དང༌།རྩ་ཆེའི་སྐྱེ་དངོས་དང༌། སྲོག་ཆགས་སོགས་ སྲུང་སྐྱོབ་བྱ་ཆེད་དུ་ཡིན།འགྲམ་རྫོང་མཁར་གྱི་ནུབ་རྒྱུད་སྤྱི་ལེ་
22སར་གནས་ཤིང༌། ཤར་ལྷོའི་རིང་ཚད་ལ་སྤྱི་ལེ་12དང་ནུབ་བྱང་གཉིས་ལ་སྤྱི་ལེ་24 སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་4600ཡིན་པ་ལས་ནགས་ཚལ་གྱི་རྒྱ་ཁྱོན་ནི་སྤྱི་ཆིང་2800ལྷག་ཙམ་དང་ཁེབས་ཚད་ནི་བརྒྱ་ཆ་61ཡན་ཟིན།
སྲུང་ཁུལ་གྱི་ནགས་ཚལ་སྐྱེ་བའི་མགྱོགས་ཚད་དང༌། བསྟུད་མར་སྐྱེ་ཡུན། རྩིས་གཞི་རེ་རེའི་ནང་གི་གསོག་ཚད་བཅས་ནི་རྒྱལ་ཕྱི་རྒྱལ་ནང་གི་ཤིང་རིགས་ལས་བརྒལ་ཡོད་པའི་ནང་ནས་གསོམ་ཤིང་ནི་དེ་བས་མངོན་གསལ་ཆེ།སྲུང་ཁུལ་དུ་རི་མཐོ་ཞིང་ནགས་ཚལ་མཐུག་པ་དང༌། གནའ་བོའི་རྩི་ཤིང་ནམ་མཁར་བསྙེགས་པ། སྲོག་ཆགས་དཀོན་རིགས་རྒྱུ་བ་མ་ཟད་སྨན་རྩའི་ རིགས་ཀྱང་ཕུན་སུམ་ཚོགས།
  རྫ་ཡུལ་གྱི་རང་བྱུང་སྲུང་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོར་ཡོད་དེ།་ ཧེ་མ་ལ་ཡའི་རི་རྒྱུད་ནི་རྒྱ་ཡིག་ཡིག་འབྲུ་ “丁”འདྲ་བའི་མཚམས་སུ་མཆིས་ཤིང༌། ཚ་ཁུལ་གྱི་ལོ་མ་ཆེ་བའི་ཤིང་རིགས་དང་ཆེས་ཚ་ཁུལ་གྱི་སྲོག་ཆགས་དཀོན་རིགས་སྲུང་རྒྱུ་དམིགས་ཡུལ་དུ་འཛིན་པ་དང༌།ཡུན་ནན་གྱི་ཐང་ཤིང་ཐོན་ས་ཡིན་པས་བོད་ཤར་ལྷོའི་མཚམས་ཀྱི་ཚ་དྲོད་དང་བརླན་བཤེར་ཆེ་བ། དངོས་རིགས་ཕུན་སུམ་ཚོགས་པ། ནགས་ཚལ་གྱི་སྐྱེ་ཁམས་ཆ་ཚང་ཙམ་བཅས་ཀྱི་ས་ཁུལ་ཡིན།རང་བྱུང་སྲུང་ཁུལ་ནི་རྩིག་པ་ནང་དང་ཡར་འགྲོ་གྲོང་ཚོ། ལྷ་མོ་ནང་གསུམ་ལས་གྲུབ། རྩིག་པ་ནང་རང་བྱུང་སྲུང་ཁུལ་ནི་གཙོ་བོར་རང་བྱུང་སྐྱེས་ཁམས་སྲུང་རྒྱུ་ཡིན་པ་དང༌། ཡར་འགྲོ་གྲོང་ཚོ་ནི་ཚ་ཁུལ་གྱི་ལོ་མ་ཕྲ་བའི་ཤིང་ནགས་སྲུང་རྒྱུ་ཡིན་ཏེ། འདི་ཁུལ་གསོམ་ཤིང་གི་གདོད་མའི་མཛེས་ལྗོངས་ཆ་ཚང་བར་གནས་པས། ཤིང་ཆ་གསོག་ཚད་བསྡོམས་འབོར་སྨི་གྲུ་བཞི་ལྷམ་པ་ཁྲི་20ཟིན་པ་དང༌། རྩིས་གཞི་རེ་རེའི་རྒྱ་ཁྱོན་ནང་གསོག་ཚད་ནི་སྤྱི་ཆིང་རེའི་སར་སྨི་གྲུ་བཞི་ལྷམ་པ༌1200ཡན་ཟིན། དེ་དག་སྐྱེ་རྒྱུ་ནི་རང་རྒྱལ་གྱི་རིགས་མཚུངས་ཤིང་ལས་ལྡབ་4ནས་5བར་ཡིན། ལྷ་མོ་ནང་གི་རྩི་ཤིང་དཀོན་རིགས་ནི་ཆེས་ཚ་ཁུལ་གྱི་དུས་བཞི་དབྱེར་མེད་སྔོ་ལྗང་དུ་གནས་པའི་ནགས་ཚལ་སྲུང་ཁུལ་ཡིན།སྲུང་ཁུལ་ཧྲིལ་པོའི་ནང་གདོད་མའི་ནགས་ཚལ་གྱི་མཛེས་ལྗོངས་འཐུས་ལེགས་སུ་མཆིས་ཤིང༌། སྲོག་ཆགས་དཀོན་རིགས་ཀྱང་ཡོད་པ་དཔེར་ན།ལྷང་ག་ལའི་སྟག་དང༌། དོམ། གཟིག་སོགས་སོ། སྲུང་ཁུལ་མ་བཙུགས་གོང་ལ་རྔོན་པ་ཉུང་ཤས་ཀྱིས་སྲོག་ཆགས་དེ་རིགས་བསད་པའི་དབང་གིས་ཇེ་ཉུང་དུ་སོང་རུང༌། སྲུང་ཁུལ་དེ་བཙུགས་རྗེས་རི་རྒྱ་བསྡམས་པས་སྲུང་ཁུལ་གྱི་སྲོག་ཆགས་ཇེ་མང་དུ་འགྲོ་བཞིན་མཆིས།
74.jpg
ཉིང་ཁྲི་བྲག་ཕྱིའི་རྒྱ་ཤུག་ཆེན་པོ་སྲུང་ཁུལ་ནི་ཉིང་ཁྲིའི་ནུབ་ངོས་ལས་བར་ཐག་སྤྱི་ལེ་བཅུ་ཆོད་པའི་བྲག་ཕྱི་ཤའང་
ལྷོ་ནུབ་ཀྱི་རི་བོའི་ཐོག་གནས་ཤིང་རྒྱ་ཁྱོན་སྤྱི་ཆིང་6.67མཆིས་ཁར། སྔོ་ལྗང་ལོ་མས་རབ་ཏུ་བརྒྱན་ཞིང་མི་རབས་ནས་མི་རབས་བརྒྱུད་པའི་རྒྱ་ཤུག་ར་བ་ཞིག་གྲུབ་ལ། དེའི་མིང་གཞན་ལ་ཡར་ཀླུང་གཙང་པོའི་རྒྱ་ཤུག་ཟེར་ཞིང་བོད་ལྗོངས་ཁོ་ནར་མ་གཏོགས་མེད་པའི་ཤིང་རིགས་ཤིག་ཡིན། དེ་རིགས་ཆེ་ཤོས་མཐོ་ཚད་ལ་སྨི་50དང་སྦོམ་ཚད་ལ་སྨི་18ཡོད། དེ་གའི་མང་ཚོགས་ཀྱི་ལྷ་ཤིང་ཞེས་དད་འབོད་བྱེད། གནའ་བོའི་རྒྱ་ཤུག་ར་བ་འདིར་ལོ་ངོ་སྟོང་ཕྲག་གི་རང་བྱུང་ལོ་རྒྱུས་བཀོད་ཡོད་ལ།སྐྱེས་བོ་རྣམས་ལ་ལོ་ངོ་སྟོང་ཕྲག་གི་རྩི་ཤིང༌།   གནམ་གཤིས།   ས་རྒྱུས།   ས་གཤིས། ཆུ་དཔྱད། མཁའ་རླུང་འབག་བཙོག་དང་མིའི་རིགས་ཀྱི་བྱ་འགུལ་སོགས་གལ་ཆེའི་རིན་ཐང་ལྡན་པའི་ཞིབ་འཇུག་བྱ་རྒྱུའི་སྒོ་མོ་ཕྱེ་བ་རེད།
ཉིང་ཁྲིའི་སྟོང་མཇུག་གི་རྒྱ་ར་དམར་ཐིག་སྲུང་ཁུལ་ནི་རྒྱ་ར་དམར་ཐིག་ལ་སོགས་པའི་རི་སྐྱེས་སྲོག་ཆགས་དང་ཁོ་ཚོའི་འཚོ་སྡོད་ཀྱི་དབྱ་ཆེད་ཡིན།
འདི་གར་རི་མཐོ་ཞིང་འགག་དོག་པ་དང༌། འབབ་ཆུ་གཟར་བ།   ནགས་ཚལ་སྟུག་པ། གངས་རི་དང་འཁྱག་རོམ་མང་བ། ཆུ་ཕྲན་ཡིད་དུ་འོང་བ་བཅས་ཡོད་ལ་རི་འདབས་སུ་ནགས་ཚལ་གྱི་སྐྱེ་ཁམས་འཛོམས་པ་དང༌།སྲོག་ཆགས་དང་རྩི་ཤིང་ཡང་ཕུན་སུམ་ཚོགས།སྲུང་ཁུལ་ནང་དུ་རྒྱལ་ཁབ་ཀྱི་རྩ་ཆེའི་སྐྱེ་དངོས་སྲུང་རིགས་12དང༌། རྒྱ་ར་དམར་ཐིག་གི་གཙོས་པའི་སྲོག་ཆགས་རིགས་50ཙམ་ཡོད། རྒྱ་ར་དམར་ཐིག་ནི་མིག་སྔར་ཆེས་དཀོན་གྲས་ཀྱི་སྲོག་ཆགས་རིགས་ཤིག་ཡིན་ཏེ། འདི་ནི་1973ལོར་གཞི་ནས་བོད་ལྗོངས་སུ་ཤེས་རྟོགས་བྱུང་ཁར། དེའི་གནས་ཁུལ་རྒྱ་ཁྱོན་ཤིན་ཏུ་ཆུང་བས་རྔོན་པས་རྔོན་བྱའི་རི་དྭགས་གཙོ་གྲས་ཤིག་ཡིན། བོད་ལྗོངས་ནང་ཁོངས་སུ་རྒྱ་ར་དམར་ཐིག་1500ཙམ་ལས་མེད་པར་བརྟེན།སྲུང་ཁུལ་འདི་ཉིད་རྒྱ་ར་དམར་ཐིག་གི་གནས་གཞི་ཞིག་ཏུ་གྱུར་པའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号