ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།
༈རྒྱལ་པོའི་རིགས་ལ། ༈སླད་མའི་ཆར་ཡང་།སྐུ་ཚེ་ཆབ་སྲིད་ཡུན་རིང་བརྟན་རྒྱས་ཀྱི་ཐབས་ཚུལ་བརྒྱ་ཕྲག་ལ་ཐུགས་བརྩོན་ལྷོད་པ་མེད་པའི་ངང་ནས། ལུས་ཅན་རྣམས་ཀྱི་བདེ་སྐྱིད་རྒྱལ་བའི་བསྟན་པ་དང༌། དེ་ཡང་དགེ་འདུན་གྱི་སྡེ་དང༌།   བསྟན་པའི་སྦྱིན་བདག་ལ་རག་ལས་པར་འདུག་པ་བཞིན་ཆོས་རྒྱལ་གོང་མྲ་རྣམས་ཀྱི་ཕྱག་སྲོལ་ལྟར། བསྟན་པ་དང་བསྟན་འཛིན་གྱི་ཞབས་ཏོག་མངའ་འབངས་ལ་བྱམས་བརྩེའི་སྤྱན་གྱིས་འཚོ་བ་སོགས་སྔར་ལས་མ་གཡོས་པ་མཁྱེན་མཁྱེན། ༈སླད་ཀྱང་ལུགས་ཟུང་གི་གནང་ཁྱབ་བཟང་པོ་ཡར་ལྡན་གྱི་ངོས་འཕྲལ་ཡུན་དུ་ཕན་པའི་གསུང་ཕྲིན་རིམ་པར་སྤེལ་པ་ཅིས་ཀྱང་ཐུགས་ལ་གདགས་པར་ཞུ།
༈ཞེས་སྤྱན་ལམ་དུ་སྨིན་བྱེད་གཅེར་མིན་ཙམ་དུ་ལྷ་རེག་དཀར་འཇམ་མཆོད་ཞལ་བཅུད་ཀྱིས་གང་པ་བཅས་གྲལ་ཚེས་དགེ་བར་ཕུལ།   ༈འདེགས་རྟེན་མཚོན་ཙམ་བཅས་ཟླ་ཚེས་བཟང་པོ་ལ་ཕུལ། ༈གཟིགས་རྟེན་མཚོན་པར་ལྷ་རྫས་བཅས་ཟླ་ཚེས་ལ་ཕུལ།   ཞེས་སོགས་སྐབས་སྦྱར་བྱ།   ༈འདི་སྐོར་དངོས་བསྟན་ལ་བླ་དཔོན་ཆེན་པོས་ནང་ཕན་ཚུན་དུ་སྐུར་བའི་ལུགས་བཞིན་བྱས་ཏེ།   ཤུགས་ལ་མི་ཕལ་གྱིས་བླ་དཔོན་དཀྱུས་མར་ཡི་གེ་འབུལ་ལུགས་སོགས་ཀྱང་ཐོན་པར་བྱས་པས། དེའི་ཚེ་འབྲི་སྣོན་ཅུང་ཟད་དགོས་པ་རྣམས་རྟོགས་པར་སླ་ཞིང༌། དེས་མཚོན་པའི་སྐབས་གཞན་དུའང་དངོས་ཤུགས་ཀྱི་གོ་ཚུལ་མང་པོ་ཡོད་པ་ཤེས་བར་བྱའོ།། །།སྨྲེས་པ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号