གནའ་གྲོང་རྒྱལ་རྩེ་ནི་མྱང་ཆུའི་སྟོད་རྒྱུད་དུ་ཡོད་པ་དང་གཞིས་ཀ་རྩེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་90ཡོད།རྒྱལ་རྩེ་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་གནའ་ཤུལ་གྲགས་ཅན་མང་པོ་ཡོད་པའི་གྲོང་ཁྱེར་ཞིག་རེད། བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་ནས་བོད་སིལ་བུར་གནས་སྐབས་རྒྱལ་རྩེ་ཁུལ་ནི་ཆོས་རྒྱལ་དཔལ་འཁོར་བཙན་གྱི་མངའ་ཁོངས་ཡིན། ཡོན་རྒྱལ་རབས་དུས་རྒྱལ་རྩེ་རུ་དཔལ་འཁོར་ཆོས་སྡེ་བཞེངས་པས་ཕྱོགས་ཁག་གི་དད་ལྡན་པ་མང་དུ་འཛོམས་ཡོང་བ་དང༌། འགྲིམ་འགྲུལ་གྱི་ལམ་མདོར་གནས་སྟབས་བཟོ་ཚོང་ལས་རིགས་དར་རྒྱས་བྱུང་ནས་རིམ་བཞིན་བོད་ཀྱི་ལོ་རྒྱུས་ཐོག་གི་གྲོང་བརྡལ་ཆེ་བ་གསུམ་པར་འགྱུར། རྒྱལ་རྩེའི་གྲུམ་ཟེ་སྐབས་དེ་དུས་ནས་སྐད་གྲགས་ཆེན་པོ་ཡོད།

རྒྱལ་རྩེའི་གནའ་ཤུལ་གྲགས་ཅན་ཨང་དང་པོ་ནི་1418 ལོར་བཞེངས་པའི་དཔལ་འཁོར་ཆོས་སྡེ་རེད། དེ་ནི་པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེ་ཡིས་ཕྱག་བཏབ་པ་དང༌། བོད་ལ་མཐོང་དཀོན་པའི་དགེ་བཀའ་ས་རྙིང་བཞི་གཅིག་ཏུ་འདུས་པའི་དགོན་སྡེ་ཞིག་ཡིན་ལ། གྲུབ་མཐའ་བཞི་པོ་སོ་སོར་གྲྭ་ཚང་ཡོད། འདུ་ཁང་ནང་སྐུ་ཚད་སྨི་8ཡོད་པའི་ཇོ་བོ་ཤཀྱྰ་མུ་ནེའི་གསེར་ཟངས་སྐུ་འདྲ་བཞུགས་
|