ཡོད། གཞོགས་གཉིས་ཀྱི་དགྲ་བཅོམ་ཁང་ནང་རྣམ་པ་སྣ་ཚོགས་འཛིན་པའི་དགྲ་བཅོམ་པ་བརྒྱ་ཡི་འཇིམ་སྐུ་བཞུགས་ཡོད། སྙན་གྲགས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་པའི་སྐུ་འབུམ་མཆོད་རྟེན་ཀྱི་སྐུ་ཚད་ལ་སྨི་42.4ཡོད་པ་དང༌། སྒོ་མོ་108དང་མཆོད་ཁང་76ཡོད། དེའི་ནང་སངས་རྒྱས་ཀྱི་སྐུ་འདྲ་ཆིག་འབུམ་ལྷག་བཞུགས་ཡོད་པར་གྲགས།རྫོང་རི་ནི་སྔར་གྱི་རྒྱལ་རྩེ་རྫོང་སྲིད་གཞུང་གི་གནས་ས་ཡིན་པ་དང༌།1904ལོར་རུང་ཁོ་ཧྥེང་གིས་དབྱིན་དམག་བཙན་འཛུལ་པའི་སྣེ་དྲངས་ནས་བོད་དུ་བཙན་འཛུལ་བྱས་ནས་རྒྱལ་རྩེར་འབྱོར་སྐབས་རྒྱལ་རྩེའི་དམག་དམངས་ཀྱིས་འགོག་རྒོལ་དྲག་པོ་བྱས། དབྱིན༌།འགོག་དམག་དམངས་ཀྱིས་རྫོང་རི་འཛིང་རགས་བྱས་ནས་བོད་མདའ་དང༌།གྲི། མདའ། འུར་རྡོ་ལ་བརྟེན་ནས༌སྐབས་དེ་དུས་ཀྱི་དྲག་ཆས་སྔོན་ཐོན་ཆེ་ཤོས་འཁྱེར་བའི་བཙན་འཛུལ་པ་དང་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་ཉིན་མཚན་གསུམ་བྱས་མཐར་མདའ་རྫོགས་ཟས་མེད་པའི་འོག་ཚང་མ་གཡང་ནས་མཆོངས་ཏེ་ཚེ་སྲོག་བློས་བཏང་བ་རེད།རྒྱལ་རྩེར་དཔའ་བོའི་གྲོང་ཚོ་ཞེས་འབོད་པ་དང་རྫོང་རི་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཕྱི་ཡི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དྲན་རྟེན་ས་ཆ་རེད་ལ། རྫོང་རིའི་སྟེང་བོད་རྙིང་པའི་རྫོང་སྲིད་གཞུང་གི་སྔར་ཉམས་ཆ་ལག་ཅུང་ཚང་བའི་སྒོ་ནས་ཉར་ཚགས་ཐུབ་ཡོད་པས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ཞིབ་འཇུག་བྱེད་པའི་འགྱུར་རྡོ་གསོན་པོ་ལྟ་བུ་ཞིག་ཀྱང་རེད།
|