ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། བཅུ་གསུམ། གཉེན་སྒྲིག་དང་འདས་མཆོད་ཀྱི་ལུགས་སྲོལ།
སྤེལ་དུས།05-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

གི་ཡོད། སློང་ཆང་གཏོང་སྐབས་གཉེན་ཚང་གི་ཁྱིམ་མི་ཚང་མར་མཇལ་དར་རེ་དང༌། དར་གོས་ལ་སོགས་པའི་ཕྱག་རྟགས། སྤྱིར་ནས་དང་གྲོ་རས་ཕད་(སྤྱི་རྒྱ་50ཙམ་)རེ་དང༌། མར་སྤྱི་རྒྱ་དོ་གསུམ། ལུག་ཤ་ཁོག་གཅིག ཆང་རྫ་མ་གསུམ་བཅས་ཕུལ་དགོས་པ་དང༌། གཉེན་ཚང་གི་ཡུམ་ལ་འོ་རིན་དང་པང་གདན་ཕུལ་དགོས། དེའི་དོན་ནི་བུ་ཕྲུག་ད་བར་འཚར་བར་མ་ཡིས་ནུ་ཞོ་ཚད་མེད་སྦྱིན་ནས་གསོ་བ་དང་མ་ཡི་པང་གདན་མང་པོ་ཙབ་རལ་བཟོས་ཡོད་པས་དེ་རིང་སེམས་མཚོན་རྔན་པ་ཕུལ་ནས་དྲིན་ཅུང་གསབ་པར་འདོད་པ་ཡིན། གཉེན་སློང་མཁན་གྱིས་ཉིན་དེའི་ཞལ་ཟས་ཀྱི་འགན་ཁུར་དགོས་པ་དང༌། གཉེན་ཚང་གིས་ཚབ་བྱས་ནས་ཐུགས་སྤྲོ་བཏང་ན་གཉེན་སློང་ཚང་གིས་དེའི་དོད་དུ་དངུལ་དམར་ཕུལ་ནས་ཐུགས་རྗེ་ཆེ་ཞུ་དགོས། ཕོ་མོ་ཕན་ཚུན་སྔ་ས་ནས་འདོད་མོས་ཡོད་སྟབས་སྤྱིར་གཉེན་སློང་བར་དང་ལེན་མི་བྱེད་པའི་གནས་ཚུལ་མེད། ཉིན་དེར་གཉེན་ཚང་གཉིས་པོས་གཉེན་སྒྲིག་གི་ཉིན་མོ་ཁ་ཆད་བྱེད་ཀྱི་ཡོད་པས་སློང་ཆང་གཏོང་ཉིན་ནི་གཉེན་འཐམས་པའི་མཛད་སྒོའང་རེད།སློང་ཆང་གཏོང་ཉིན་གཉེན་ལ་སྡེབ་བྱེད་ཀྱི་ཕོ་མོ་གཉིས་པོ་ཞུགས་ཀྱི་མེད།གཉེན་སློང་མཁན་ལོག་འགྲོ་སྐབས་གཉེན་ཚང་གིས་བབ་མཐུན་གྱི་མཇལ་དར་དང་ཕྱག་རྟགས་ཕུལ་གྱི་ཡོད།

གཉེན་སྟོན་ཉིན་མོའི་མདང་དགོང་དེར་གཉེན་སྟེར་ཚང་གིས་བག་མའམ་མག་པར་འགྲོ་བའི་བུ་ཕྲུག་ལ་གྱེས་སྟོན་བཤམས་ཀྱི་ཡོད། གཉེན་སྟེར་ཚང་གིས་སྤུན་གཉེན་ཉེ་གྲོགས་དང་གྲོང་པ་ཁྱིམ་མཚེས་རྣམས་ཀྱིས་མཇལ་དར་དང་གྲོ་ཟན། ལུག་ཤ་ལག་པ་གཅིགསྦྱིན་བདག་ཚང་གི་ནང་མི་རེ་ལ་གྱོན་གོས་སམ་རས་ཆ། དོད་དངུལ་བཅས་བསྣམས་ནས་ཕེབས་སྐྱེལ་ཞུ་བར་བཅར་གྱི་ཡོད། ཉིན་དེའི་དགོང་མོར་གཉེན་བསུ་ཚང་གིས་ཁ་བཟོ་འཕེར་ལ་འཇོན་ཐང་ཆེ་བའི་སྐྱེ་བོ་གཉིས་གསུམ་མངགས་ནས་མནའ་མའམ་མག་པའི་ཆིབས་རྟ་རྒྱན་གྱིས་སྤུད་པ་ཞིག་འཁྲིད་དེ་གཉེན་བསུ་བར་བྱོན་གྱི་ཡོད། ཁོང་རྣམས་གདན་ལ་འཁོད་རྗེས་གཉེན་བསུ་མཁན་གྱིས་གཉེན་ཚང་གི་ནང་མི་ཚང་མར་མཇལ་དར་བསྒྲོན་པ་དང༌། དེ་རྗེས་གཉེན་ཉེ་སྤུན་གྲོགས་ཚོས་མཇལ་དར་བསྒྲོན་ལ་ཕྱག་རྟགས་འབུལ་རྗེས་མཚན་གང་ཆང་རག་བཏུང་ནས་གླུ་ལེན་གར་འཁྲབ་ལ་རོལ་གྱི་ཡོད།
ཉིན་དེར་གཉེན་སྟེར་ཚང་གིས་གྲ་སྒྲིག་བྱས་ཟིན་པའི་སྐལ་རྫོངས་རྣམས་གཉེན་བསུ་མཁན་ལ་སྤྲོད་ཀྱི་ཡོད།སྐལ་རྫོངས་ལ་ངེས་སྲོལ་གང་ཡང་མེད་པར་དུད་ཚང་སོ་སོའི་འབྱོར་པ་ཆེ་ཆུང་ལ་གཞིགས་ནས་སྤྲོད་ན་འགྲིག
ཉིན་གཉིས་པའི་ཞོགས་པ་ཁ་ཆད་བྱས་པའི་དུས་ཚོད་ལྟར་གཉེན་བསུ་མཁན་གྱིས་ལམ་སྣེ་དྲངས་བ་དང༌།གཉེན་སྐྱེལ་མཁན་གྱིས་མག་པའམ་མནའ་མ་སྐྱོར་ཏེ་སྐལ་རྫོངས་ཁྱེར་ནས་ཁྱིམ་སྒོ་ནས་ཐོན་གྱི་ཡོད། སྐབས་དེར་ཁྱིམ་མི་གཅིག་གིས་ལག་གཅིག་མདའ་དར་དང་འོ་ཟོམ་དང༌། ལག་གཅིག་ལ་ལུག་གི་སོག་པ་ཞིག་ཁྱེར་ནས་མཁའ་དབྱིངས་སུ་སྐོར་ནས་གཡང་འགུགས་བྱེད་ཀྱི་ཡོད། ངག་རྒྱུན་དུ་དུད་ཚང་གི་ཁྱིམ་མི་གཉེན་ལ་ཐོན་སྐབས་གཡང་ཤོར་བས་གཡང་འགུགས་བྱེད་པར་སྐད།གཉེན་བསུའི་རུ་ཁག་ལམ་ལ་ཞུགས་རྗེས་ཕྱུ་པ་དཀར་པོ་གྱོན་ལ་ལག་ཏུ་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号