ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། བཅུ་གསུམ། གཉེན་སྒྲིག་དང་འདས་མཆོད་ཀྱི་ལུགས་སྲོལ།
སྤེལ་དུས།05-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
སྒོ་ནག་གི་ཁྱིམ་སྒོར་གསུར་ཁོག་ལ་བལ་ལམ་ཁ་བཏགས་བཅིངས་ནས་བཀལ་བ་དང༌། དེའི་ནང་བར་དོ་བ་རྣམས་ལ་སྦྱིན་རྒྱུ་དཀར་གསུམ་དམར་གསུམ་བསྲེས་པའི་རྩམ་པ་མེར་བསྲེགས་ནས་དུད་དེ་མཚམས་ཆད་མེད་པར་ཁ་སྣོན་བྱས་ནས་གསུར་བཏང་སྟེ་གཤིན་པོའི་རྣམ་ཤེས་ལ་ལོངས་སུ་སྤྱོད་རྒྱུར་ཕུལ་གྱི་ཡོད། གཉེན་ཉེ་གཤེགས་ན་ཉིན་ཞག་ཞེ་དགུའི་རིང་ཁྱིམ་མི་ཚང་མ་སྐྲ་མི་ཤད་པ་དང༌། ངོ་མི་འཁྲུ་བ། རྒྱན་ཆ་མི་སྤྲོས་པ། གླུ་ལེན་གར་འཁྲབ་དེ་བས་བྱེད་ཀྱི་མེད། འདས་མཆོད་སྒྲུབ་རིང་གཤིན་པོའི་གཉེན་ཉེ་དུ་དང་ཁྱིམ་མཚེས་ཚོས་གཉེན་སྟོན་མི་བཤམས་ལ་གླུ་གར་རོལ་རྩེད་ལ་མི་རོལ་བར་མཉམ་དུ་མྱ་ངན་ཞུ་ཡི་ཡོད།
49.jpg
སྐུ་ཕུང་སྒོ་ཐོན་ཉིན་གྱི་གདང་དགོང་དེར་ཁྱིམ་ཚང་ཚང་མས་དཀར་མེའི་འཁྲུངས་རྟགས་ཏེ་མཇལ་དར་གཅིག་དང་སྤོས་ཆག་གཅིག མཆོད་མེའི་རྫ་ཁུང་གཅིག ཐུགས་གསོའི་དོད་དངུལ་ལ་སོགས་ཁྱེར་ནས་གཤིན་པོར་སྐྱེལ་མ་བྱེད་ཀྱི་ཡོད། སྤྱིར་སྐྱ་མདའ་མ་ཤར་གོང་ནས་གཤིན་པོ་དུར་སྐྱེལ་གྱི་ལམ་ལ་བཞུགས་པ་དང༌། དགེ་འདུན་པ་ཞིག་གིས་ལམ་སྣེ་འཁྲིད་ལ།གཤིན་པོའི་བུ་ཚས་སྒོ་རྩ་བར་སྐུ་ཕུང་སྒལ་པར་ཁུར་ཅིང༌། དེ་རྗེས་གཉེན་གྲོགས་ཁྱིམ་མཚེས་ཚོས་སྤོད་སྣ་དྲངས་ནས་ཁྱིམ་དང་ཐག་ཅུང་རིང་བའི་ལམ་མདོ་བར་སྐྱེལ་གྱི་ཡོད། མཐར་གྲོགས་བཟང་རེ་གཉིས་ཀྱིས་དུར་ཁྲོད་དུ་རྒྱབ་རྫི་བྱེད་པར་སྐྱོད་པ་དང་རྟོགས་ལྡན་གྱིས་བྱ་གཏོར་བྱེད་ཀྱི་ཡོད། གཤིན་པོའི་ཁྱིམ་མི་བྱ་གཏོར་བྱེད་སར་འགྲོ་སྲོལ་མེད།
ཁྱིམ་མི་གྲོངས་རྗེས་ཉིན་བདུན་རེ་(བདུན་ཚིགས་)ལ་དགེ་འདུན་པ་གདན་དྲངས་ནས་རྒྱབ་ཆོས་རེ་སྒྲུབ་ནས་བདུན་བདུན་ཞེ་དགུ་ཉིན་བར་རྒྱབ་ཆོས་ཐེངས་བདུན་སྒྲུབ་ཀྱི་ཡོད། ཆ་རྐྱེན་བཟང་བའི་ཁྱིམ་ཚང་གིས་ཟླ་རེར་རྒྱབ་ཆོས་རེའང་སྒྲུབ་ཀྱི་ཡོད། སྐྱོ་བོ་གྲོངས་ནས་ལོ་གཅིག་འཁོར་སྐབས་ལོ་མཆོད་བཏང་ནས་ཁྱིམ་དུ་དྲན་གསོའི་བྱེད་སྒོ་གཟབ་རྒྱས་སྤེལ་བ་དང༌། གཉེན་ཉེ་ཁྱིམ་མཚེས་ཚང་མས་མཇལ་དར་དང༌།ཇ་ཆང༌། ཤ་མར། དོད་དངུལ་སོགས་ཁྱེར་ནས་བྱོན་ལ། སྦྱིན་བདག་གིས་གསོལ་ཚིགས་གྲ་རྒྱས་བཤམས་ནས་སྐུ་མགྲོན་ཚོར་སྣེ་ལེན་གཟབ་རྒྱས་ཞུས་ནས་ལོ་གཅིག་རིང་ཕྱག་རོགས་གང་མང་གནང་བར་ཐུགས་རྗེ་ལེགས་འབུལ་ཞུ་ཡི་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号