ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཆབ་མདོ། དྲུག་པ། ཡར་ངོའི་ཟླ་ལྟར་འཕེལ་བའི་ཆབ་མདོའི་་དཔལ་འབྱོར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

        1959ལོའི་གོང་གི་ཆབ་མདོ་ནི་ཆབ་སྲིང་ཟུང་དུ་འབྲེལ་ཞིང་བླ་སྤྲུལ་དང་སྐུ་དྲག་གིས་སྲིད་དབང་སྒེར་འཛིན་བྱེད་པའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་སུ་གནས་ཤིང༌། ཐོན་སྐྱེད་རྒྱུ་ཆས་ཙམ་མ་ཟད་མི་ལུས་ཀྱི་རང་དབང་ཡང་མེད་པའི་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་ལམ་ལུགས་ཤིག་ཡིན་སྟབས་རྒྱ་ཆེའི་ཞིང་བྲན་ཚོར་མི་ལུས་ཀྱི་རང་དབང་སྤུ་ཙམ་མེད་པར་ཞིང་བྲན་བདག་པོས་རྒྱུ་

50.jpg

དངོས་བཞིན་དུ་བཀོལ་སྤྱོད་བྱེད་པ་ཡིན། དུས་མཚུངས་སུ་་ལམ་ལུགས་དེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་འགོག་རྐྱེན་དུ་གྱུར་ཏེ་མི་དང་དུད་འགྲོར་བརྟེན་ཞིང་ས་རྒོད་འདུལ་སྲེག་གིས་ཞིང་ཁ་རྨོ་བ་དང༌།རྩྭ་ཆུ་བཟང་སར་རུ་བ་སྤོ་ཐབས་ལ་བརྟེན་ནས་འབྲོག་ལས་བྱེད་པས་ཆབ་མདོའི་དཔལ་འབྱོར་རྗེས་ལུས་ཆེན་པོ་ཐེབས། དེའི་ཁར་ཞིང་བྲན་བདག་པོས་ཧམ་ལེན་བྱེད་པ་མང་གཤིས་ཞིང་བྲན་ཚོ་ཟས་གོས་མི་འདང་བའི་ངལ་དུབ་ཆེན་པོའི་གནས་སུ་ལྷུངས།

51.jpg

1959ལོའི་རྗེས་དང༌། ལྷག་པར་དུ་1978ལོར་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་ཆབ་མདོ་ཁུལ་གྱི་ལས་རིགས་ཁག་དར་རྒྱས་ཆེན་པོ་བྱུང༌། ལོ་ངོ་40ལྷག་ཙམ་རིང་འཛུགས་སྐྲུན་བྱས་པས་ད་ལྟའི་ཆབ་མདོ་དེང་རབས་ཀྱི་དཔལ་ཡོན་རྒྱས་པའི་སྤྱི་ཚོགས་སུ་བར་བརྒལ་ཐུབ། དཔལ་འབྱོར་ཐད་གནའ་བོའི་ཞིང་འབྲོག་ལས་རིགས་རྐྱང་པ་ནས་དེང་རབས་ཀྱི་བཟོ་ལས་དང༌། ཞིང་འབྲོག་ལས་རིགས།ཐོན་ལས་གསུམ་པ་སོགས་དུས་གཅིག་ཏུ་སྤེལ་བའི་སྣེ་མང་དཔལ་འབྱོར་དུ་གྱུར་ཡོད། རྒྱ་ཆེའི་ཞིང་འབྲོག་པ་ལ་རང་དབང་ཐོབ་པ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཏེ་གནའ་བོའི་ཆབ་མདོ་གསོན་ཉམས་རྒྱས་པར་གྱུར་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号