ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཆབ་མདོ། དྲུག་པ། ཡར་ངོའི་ཟླ་ལྟར་འཕེལ་བའི་ཆབ་མདོའི་་དཔལ་འབྱོར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
1951ལོའི་གོང་ལ་ཆབ་མདོ་ཁུལ་དུ་ཞིང་འབྲོག་ཆུ་ནགས་བཞིའི་ལག་རྩལ་ལས་ཁུངས་དང་ལག་རྩལ་པ་གཅིག་ཀྱང་མེད་སྟབས་ཞིང་ལ་འབུ་སྐྱོན་སོགས་པ་འབྱུང་སྐབས་བླ་སྤྲུལ་ཞབས་བརྟན་ཞུ་རྒྱུ་ཙམ་ལས་ཐབས་གཞན་མེད།1959ལོ་ནས་བཟུང་སྟེ་ཆབ་མདོར་ལས་རིགས་རིམ་པའི་ལས་ཁུངས་ཁག་བཙུགས་པས་ད་ལྟ་ཞིང་ལས་ལག་རྩལ་ཁྱབ་སྤེལ་ས་ཚིགས་12དང༌། ཕ་སྦྱོར་ས་ཚིགས་9 ཕྱུགས་རིགས་སྨན་པའི་ས་ཚིགས༌། ཕྱུགས་ནད་ཞིབ་བཤེར་ས་ཚིགས༌1 རྫོང༌11ལ་ཕྱུགས་ནད་འགོག་བཅོས་ཀྱི་ས་ཚིགས་དང་ཕྱུགས་ནད་ཞིབ་བཤེར་ས་ཚིགས་3 ཤང་གྲོང་གི༌ཕྱུགས་ནད་འགོག་བཅོས་ས་ཚིགས་90བཅས་བཙུགས་པ་དང༌། ཁུལ་ཡོངས་ཀྱི་རྫོང་7ལ་ནགས་ལས་ཅུས་དང༌།རྫོང་4ལ་ནགས་སྡོམ་ས་ཚིགས་བཙུགས༌ཡོད། གཞན་ཡང་ཞིང་ལས་ལག་རྩལ་ཁྱབ་སྤེལ་ས་ཚིགས་བཙུགས་པས་ད་ལྟ་ཞིང་ལས་ལག་རྩལ་ཁྱབ་སྤེལ་ཁང་དང༌།སོན་བཟང་དུ་བསྒྱུར་བའི་ས་ཚིགས་སོགས་པ་121ཙམ་ཡོད། བསྡོམས་རྩིས་བརྒྱབ་པ་ལྟར་ན། 1997ལོར་ཆབ་མདོ་ཁུལ་གྱི་རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་67716ཟིན་ཏེ་ལོ་རེར་ཆ་སྙོམས་སུ་བརྒྱ་ཆ་10.02འཕར། 1997ལོར་ཞིང་་ལས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་49095.2 ཟིན་ཞིང༌།འབྲུ་རིགས་ཐོན་འབོར་བསྡོམས་གྲངས་ཏུན་ཁྲི་12.15ཟིན། ད་ཡོད་སྒོ་ཕྱུགས་ བསྡོམས་350ཟིན་པ་དང༌།ཤང་གྲོང་ཁེ་ལས་དང༌། མི་རིགས་ཀྱི་ལག་ཤེས་བཟོ་ལས། སྣ་མང་གཉེར་་སྐྱོཛ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམསོ་གྲངས་སྒོར་ཁྲི་22802.78ཟིན་ཡོད། བསྡོམས་རྩིས་བརྒྱབ་པར་ལྟར་ན། 1997ལོའི་ལོ་མཇུག་ཏུ་ས་ཁུལ་ཡོངས་སུ་ལས་གཉེར་བཟོ་ཚོང་ཐེམ་དུད་3881ཟིན་པ་དང༌། ཚོང་གཉེར་པ་4648ཟིན་ཞིང༌། ཐོ་བཀོད་མ་རྩ་སྒོར་ཁྲི་3477.84ཟིན་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号