ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། གསུམ་པ། ད་ལྟའི་སེང་གེ་ཁ་འབབ་གྲོང་བརྡལ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      སེང་གེ་ཁ་འབབ་གྲོང་བརྡལ་ནི༌བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ༌སྲིད་འཛིན་ཀུང་ཧྲུའུ་ཆགས་ས་ཡིན་ཞིང༌། མངའ་རིས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་བ་ཡིན། སེང་གེ་ཁ་འབབ་གྲོང་བརྡལ་གྱི་འགྲམ་དུ་སེང་གེ་གཙང་པོ་རྒྱུགས་བཞིན་ཡོད་པ་ལས་མིང་དེ་ཐོགས་པ་ཡིན།

14.jpg

སེང་གེ་ཁ་འབབ་གྲོང་བརྡལ་དེ་བྱེ་ཐང་སྟེང་དུ་ཆགས་ཡོད་ཅིང༌། སེང་གེ་ཁ་འབབ་ཆུ་བོ་དེ་ཁ་བཏགས་རིང་པོ་ཞིག་དང་མཚུངས་པར་གྲོང་བརྡལ་གྱི་འགྲམ་ནས་རྒྱུགས་བཞིན་ཡོད་ཅིང་གྲོང་བརྡལ་གྱི་ཤར་ནུབ་ལ་ས་ཁུལ་གྱི་སྲིད་འཛིན་སྡེ་ཁག་རྣམས་ཆགས་ཡོད། སེང་གེ་ཁ་འབབ་གྲོང་བརྡལ་དེ་ཆེན་པོ་དེ་ཙམ་མེད་རུང་མངའ་རིས་ས་མཐོའི་ཡངས་ཤིང་རྒྱ་ཆེ་བའི་བྱེ་ཐང་དེའི་སྟེང་དུ་འདུ་འཛི་ཆེ་ཞིང་སྐྱེ་སྟོབས་ཀྱི་ནུས་པས་ཁེངས་པ་ཞིག་ཏུ་མངོན།
15.jpg
1951 ལོའི་སྔོན་དུ། མངའ་རིས་ནི་བོད་ས་གནས་སྲིད་གཞུང་གི་སྲིད་འཛིན་ཁུལ་ཞིག་ཡིན། 1959 ལོར་མངའ་རིས་ཀྲོན་ཡོན་ཀུང་ཧྲུའུ་དེ་དཀར་རྫོང་ཁུན་ཧྲ་རུ་དབུ་བརྙེས་པ་དང༌།1964 ལོར་ཤིན་ཅང་ནས་བོད་བར་གྱི་གཞུང་ལམ་བཟོས་ཟིན་ནས་རླངས་
16.jpg
འཁོར་ཤར་གཏོང་ཐུབ་པ་བྱུང༌།1965 ལོའི་ཟླ་བ་7 པའི་ཚེས་23 ཉིན།ཀྲུང་དབྱང་ནས་སེང་གེ་ཁ་འབབ་གྲོང་བརྡལ་སྤོ་འཛུགས་ལས་གྲྭར་ཆོག་མཆན་གནང་བས་མངའ་རིས་སྲིད་གཞུང་ལས་ཁུངས་རྣམས་ཀྱང་དངོས་སུ་སེཛ་གེ་ཁ་འབབ་གྲོང་ བརྡལ་དུ་སྤོས་པ་རེད།གྲོང་བརྡལ་བསྐྲུན་པའི་ཐོག་མར་རྒྱུན་སྡོད་མི་400 ཡོད་ཅིང༌། གྲོང་བརྡལ་འཛུགས་སྐྲུན་ནི་མི་800 ཡི་གའི་ཁྱོན་ལ་འཆར་འགོད་བྱས་པ་ཞིག་ཡིན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号