ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། གསུམ་པ། ད་ལྟའི་སེང་གེ་ཁ་འབབ་གྲོང་བརྡལ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
1985 ལོའི་ཟླ་བ་11 པར་བརྡ་སྐྱེལ་སྲུང་སྐར་གྱི་སེང་གེ་ཁ་འབབ་ས་ངོས་བསྡུ་ལེན་ས་ཚིགས་བཙུགས་ཤིང༌།དེ་ནས་བཟུང་མངའ་རིས་ས་མཐོ་དང་ཀྲུང་གོའི་ས་ཆ་གཞན་བར་ཐག་ཉེ་རུ་བཏང་བ་རེད། 1995 ལོའི་ཟླ་བ་7པར་གསར་དུ་བཙུགས་པའི་མངའ་རིས་ས་ཁུལ་ཞིང་ལས་དངུལ་ཁང་ལ་ལོ་གཅིག་གི་དུས་ཚོད་ནང་བཅོལ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་1.94 ཟིན་ཞིང་ལོ་དེར་ཞིང་འབྲོག་ལས་དང་དབུལ་སྐྱོར་རྣམ་གྲངས་ལ་དངུལ་བུན་སྒོར་ཁྲི་1600 བཏང་ནས་མངའ་རིས་ས་ཁུལ་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་
21.jpg
ཕུལ་བ་རེད། 1997 ལོའི་ཟླ་བ་6 པར་མངའ་རིས་ས་ཁུལ་ཡིད་རྟོན་ཅུས་ཀྱིས་རྫོང་ཁག་ལ་སྔོན་བསྒྲིགས་གོ་རིམ་ལྡན་པའི་ཁ་པར་མངོན་གྱུར་བྱས་པས་ད་ཆ་“འཛམ་གླིང་ཡང་རྩེའི་ཡང་རྩེར་”ཡང་དེང་རབས་དཔེ་གསར་ཅན་གྱི་བརྡ་སྐྱེལ་ལག་ཆ་སྟེ་གནས་སྤོས་ཁ་པར་བེད་སྤྱོད་ཐུབ་ཀྱི་ཡོད།1978ལོའི་སྔོན་དུ། ཕྱི་ཕྱོགས་ནས་གསར་འགྱུར་བསྡུ་ལེན་སྟབས་མི་བདེ་ཞིང༌། གངས་ཆེན་པོ་བརྒྱབ་པའི་དགུན་ཁར་ཡི་གེ་གཅིག་འབྱོར་བར་ལོ་ཕྱེད་ཙམ་འགོར་གྱི་ཡོད། ཡུལ་སྐོར་ལས་རིགས་ནི་མངའ་རིས་ས་ཁུལ་གྱི་ཤུགས་དྲག་ལྡན་པའི་ལེགས་ཆ་ཞིག་ཡིན།1998 ལོར་རྒྱལ་ཕྱི་རྒྱལ་ནང་གི་འགྲུལ་པ་མི་གྲངས༌ 13500ཙམ་ལ་སྣེ་ལེན་བྱས་པར་ཡུལ་སྐོར་གྱི་ཡོང་འབབ་མི་དམངས་ཤོག་
22.jpg
སྒོར་ཁྲི་338 མངོན་གྱུར་བྱུང་བ་རེད། མིག་སྔར་རྒྱལ་ནང་ནས་བོད་ལ་རོགས་སྐྱོར་བྱ་རྒྱུ་དེ་ལམ་ལུགས་ཤིག་ལ་འགྱུར་བས་མངའ་རིས་ས་ཁུལ་ལའང་བོད་སྐྱོར་ལས་གྲྭ་འགའ་ཞིག་ཡོད་ཅིང་དེ་དག་གིས་མངའ་རིས་ས་ཁུལ་གྱི་འཕྲིན་སྐྱེལ་དང༌། ནུས་པའི་འབྱུང་ཁུངས།འགྲིམ་འགྲུལ། གྲོང་བརྡལ་འཛུགས་སྐྲུན་དེ་བཞིན་མང་ཚོགས་ཀྱི་འཚོ་བའི་་གནས་ཚུལ་སོགས་ལ་ལེགས་བཅོས་ཤུགས་ཆེན་བྱུང་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号