ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། གསུམ་པ། ད་ལྟའི་སེང་གེ་ཁ་འབབ་གྲོང་བརྡལ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
མངའ་རིས་ས་ཁུལ་ལ་སྔོ་ཚལ་དཀོན་པས་1994 ལོར་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི་150 བཏང་ནས་སེང་གེ་ཁ་འབབ་གྲོང་བརྡལ་གྱི་སྔོ་ཚལ་ཁང་དང༌། སྒྲོམ་སྟེགས་90 ཡོད་པའི་སྔོ་ཚལ་འདུས་སྡོད་ཁྲོམ་ར་བསྐྲུན་པ་དང༌།གོམ་གང་མདུན་སྤོས་ཀྱིས་མང་ཚོགས་ཀྱི་
24.jpg
འཚོ་བ་ལེགས་སུ་གཏོང་ཆེད་མ་དངུལ་སྒོར་ཁྲི་200 བཏང་ནས་གྲོང་ནུབ་ཏུ་སྒྲིག་ཆས་དེ་ལས་ལེགས་པའི་ཕྱོགས་བསྡུས་ཁྲོམ་ར་ཞིག་བསྐྲུན་པ་རེད། ད་ལྟ་སེང་གེ་འབབ་གྲོང་བརྡལ་དུ་བོགས་གཏོང་རླངས་འཁོར་330 ལྷག་ཡོད་པ་དང༌། ཉིན་ལྟར་མང་པོ་དེ་ཙམ་མིན་
25.jpg
པའི་འཇིབ་ཆུང་བོགས་གཏོང་རླངས་འཁོར་དང་འཁོར་གསུམ་བོགས་གཏོང་རླངས་འཁོར་སོགས་ཁྲོམ་རའི་སྟེང་དུ་རྒྱུགས་འགྲོ་བ་མཐོང་རྒྱུ་ཡོད།
སེང་གེ་ཁ་འབབ་གྲོང་བརྡལ་ལ་ཆུ་གློག་དཀོན་པའི་སྟབས་ཀྱིས་གྲོང་མི་རྣམས་ལ་ཆུ་དང་གློག་མཁོ་འདོན་གྱི་ངེས་4གཏན་དུས་ཚོད་བཟོས་ཡོད་པ་རེད།གྲོང་མི་རྣམས་ལ་སྟབས་བདེ་དང་བག་ཕེབས་ཀྱི་འཚོ་བའི་ཆ་རྐྱེན་བསྐྲུན་ཆེད།1994 ལོར་ཀྲུང་དབྱང་སྲིད་གཞུང་གིས་སེང་གེ་ཁ་འབབ་གྲོང་བརྡལ་གྱི་ཆུ་བེད་ལས་གྲྭ་དེ་བོད་སྐྱོར་གྱི་རྣམ་གྲངས་62ཁོངས་སུ་འཇོག་རྒྱུའི་གཏན་འབེབས་བྱས་པ་རེད། ཆུ་མཁོ་སྤྲོད་ཀྱི་ལས་གྲྭས་ཆུ་རྨིད་གྲུ་བཞི་མ་1700 མཁོ་སྤྲོད་ཐུབ་པའི་ལས་གྲྭ་དང༌། ཆུ་མཁོ་སྤྲོད་ཀྱི་གཙོ་བོའི་སྦུབས་ལམ་རྨིད་2996 ཡོད་པ་འཛུགས་སྐྲུན་བྱས་པ་རེད། སྔོན་དུས་ས་ཁུལ་རང་འབབ་ཆུ་འདྲེན་ཀུང་སིས་་སེང་གེ་ཁ་འབབ་གྲོང་བརྡལ་ལ་ཉིན་ལྟར་ཉིན་དགུང་ཆུ་ཚོད་གཉིས་རིང་ལ་ཆུ་རྨིད་ངོས་སྙོམས་གྲུ་བཞི་མ་400 ཙམ་མཁོ་སྤྲོད་བྱེད་ཀྱི་ཡོད་རུང་མི་རེས་ཆ་སྙོམས་བེད་སྤྱོད་པའི་ཆུ་ཧ་ཅང་ཉུང༌། ཆུ་བེད་ལས་གྲྭ་སྐྲུན་རྗེས། སེང་གེ་ཁ་འབབ་གྲོང་བརྡལ་མི་དམངས་ཀྱི་འཐུང་ཆུའི་ཆ་རྐྱེན་ལ་ལེགས་བཅོས་ཤུགས་ཆེན་བྱུང་ནས་བསྒྱུར་བཅོས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུར་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཡོད། ལས་གྲྭ་དེར་མ་དངུལ་སྒོར་ཁྲི་་3600 བཏང་ཞིང་1995 ལོའི་ཟླ་བ་10པར་ལས་མཇུག་སྒྲིལ་བ་རེད།
26.jpg             27.jpg
ལོ་78 ལ་སླེབས་པའི་ས་ཁུལ་ཆབ་གྲོས་ཀྱི་ཧྲུའུ་ཅི་འཕྲིན་ལས་ནི་སེང་གེ་ཁ་འབབ་གྲོང་བརྡལ་གནས་སྤོས་ཀྱི་དཔང་མི་ཞིག་ཡིན། ཁོང་གིས་ལོ་30 ལྷག་གི་སྔོན་དུ་སེང་གེ་ཁ་འབབ་ནི་འབྲོག་སྟོང་ཞིག་ཡིན་ཞིང༌། འགྲོ་འོང་བྱེད་མཁན་དང་ལུག་རྫི་བ་འགའ་ཞིག་རྒྱུ་བ་ལས་གནས་སྡོད་བྱེད་མཁན་མེད། རྗེས་སུ་རིམ་བཞིན་འཕེལ་རྒྱས་ཕྱིན་པ་རེད་ཅེས་གསུངས་པ་དང༌།   ད་ལྟ་ས་ཁུལ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་པའི་ཝང་ཅུན་འདིར་16 ཙམ་ལས་ཀ་བྱས་ཤིང་ད་ཆ་ནང་མི་ཚང་མ་མངའ་རིས་ལ་ཡོད། ཁོང་གིས་1982 ལོའི་་སྔོན་དུ་འདིར་ཚོང་ཁང་མེད་པ་དང༌།1987 ལོའི་སྔོན་དུ་སྐྲ་བཞར་ཁང་ཡང་མེད་ ཅེས་གསུངས་གནང་མཛད།གཞུང་ལམ་འགྲིམ་འགྲུལ་ནི་མངའ་རིས་ཀྱི་སྲོག་རྩ་ཡིན་ཞིང༌། མངའ་རིས་ས་ཁུལ་ནི་བོད་ལྗོངས་ཀྱི་ནུབ་རྒྱུད་སུ་གནས་ཡོད་པས་ས་ཁམས་ཁོར་ཡུག་རྙོག་འཛིང་ཆེ་བ་དང་གནམ་གཤིས་མི་ལེགས་པའི་་རྐྱེན་གྱིས་འགྲིམ་འགྲུལ་ཡང་ཧ་ཅང་སྟབས་མི་བདེ། ལོ་བཅུ་ཕྲག་འགའི་རིང་རྒྱལ་ཁབ་ཀྱིས་མ་དངུལ་ཕོན་ཆེན་བཏང་ནས་ལམ་བཟོས་ཏེ་འགྲིམ་འགྲུལ་ལ་ལེགས་བཅོས་བྱས་པ་དང༌། 1957ལོའི་ཟླ་བ༌10 པའི་ཚེས་6 ཉིན་ལམ་བཟོ་པ་
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号