ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། ལྔ་པ། སྔོན་ཆད་ཀྱི་རྒྱལ་ཁང་―གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
46.jpg
པ་རེད།གུ་གེས་བོད་རྒྱུ་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གལ་་ཆེའི་གནས་བབ་བཟུང་ཡོད་པ་དང༌།ཐུ་བོད་རྒྱལ་རབས་འཐོར་རྗེས་བོད་འདི་ལོ་400 ཙམ་གྱི་ཁ་བྲལ་དུས་སུ་གནས་་སྐབས་ཀྱང་གུ་གེ་རྒྱལ་རབས་ནི་སྔར་བཞིན་སྟོབས་ཤུགས་ཅུང་ཆེ་བའི་རྒྱལ་ཁབ་ཞིག་ཡིན་པ་དང༌། ལོ་རྒྱུས་ཀྱི་བྱེ་རྡུལ་གྱིས་སྔོན་ཆད་ཀྱི་གོང་འཕེལ་དང༌།དར་རྒྱས། བརྗིད་ཆགས་བཅས་བཀབ་ཐུབ་ཐབས་མེད།
47.jpg
རྗེས་ཤུལ་དེའི་སྤྱིའི་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་72 ཡོད་པ་དང༌། ས་ངོས་ནས་མཐོ་ཚད་རྨིད་300ལྷག་ཡོད་ཅིང༌།  དེ་དག་ཁང་པ་དང༌།ཕུག་པ། མཆོད་རྟེན་དེ་བཞིན་འབུར་བརྐོས། ས་འོག་སྦུབས་ལམ་བཅས་ལས་སྒྲུབ་ཡོད། མ་གཞི་སྔོན་ཆད་ཀྱི་དར་རྒྱས་དང་མཛེས་ཉམས་མེད་རུང་བརྗིད་ཉམས་སྔར་ལས་ཆེ་བས་བྲིས་སུ་མེད་པའི་རྩ་ཆེའི་ལོ་རྒྱུས་དང་བཤད་ཚར་རྒྱུ་མེད་པའི་ཁྱད་མཚར་བའི་ཤོད་རྒྱུན་བཞག་ཡོད།
48.jpg
ལྷག་ལུས་པའི་ས་ཕུག་དང༌།   ཁང་པ། བཙན་རྫོང༌། གནའ་བོའི་མཆོད་རྟེན་སོགས་འཛུགས་སྐྲུན་གྱི་དངོས་པོ་སྣ་ཚོགས་བསྡོམས་ནས་ཁག་མི་འདྲ་བ་1416 ཡོད་ཅིང༌། དེ་དག་ལས་ས་ཕུག་879 དང༌། ཁང་པའི་རྗེས་ཤུལ་445 བཙན་རྫོང་45ལྷག་ལུས་པའི་མཆོད་རྟེན་28ལྐོག་ལམ་4བཅས་ཡོད་ཅིང༌། ལྐོག་ལམ་བཞི་པོ་དེ་བརྒྱུད་ནས་འཛུགས་སྐྲུན་ཚོགས་པའི་ནང་གི་གང་སར་འགྲོ་སྐྱོད་བྱེད་ཆོག་གི་ཡོད་པ་རེད། ཉར་ཚགས་ཅུང་ལེགས་ཙམ་བྱས་པར་དགོན་པ་དམར་པོ་དང༌།དགོན་པ་དཀར་པོ། སྒྲོལ་མ་ལྷ་ཁང༌།རྡོ་རྗེ་འཇིགས་བྱེད་ལྷ་ཁང་སོགས་ཡིན་་ཞིང༌། དགོན་པ་དམར་པོ་དང་དགོན་པ་དཀར་པོའི་རྒྱ་ཁྱོན་ཅུང་འདྲ་བར་རྨིད་ངོས་སྙོམས་གྲུ་བཞི་མ་300 ཙམ་ཡོད་པ་དང༌།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号