ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། ལྔ་པ། སྔོན་ཆད་ཀྱི་རྒྱལ་ཁང་―གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
དགོན་པའི་ནང་དུ་ཀ་བ་གྲུ་བཞི་36 ཡོད་ཅིང༌། ཀ་བ་དང་གདུང་མ། ལྕམ་དྲལ་བཅས་ཀྱི་སྟེང་དུ་རི་མོ་དང་ལྷའི་སྐུ་འདྲ་བྲིས་ཡོད། དགོན་པ་དམར་པོའི་ནང་དུ་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་ས་ནི་སྤྱི་ལོ་1038 ལོར་མངའ་རིས་ཀྱི་རྒྱལ་པོ་ཡི་ཤེས་འོད་ཀྱིས་ཇོ་བོ་རྗེ་གདན་ཞུ་བྱེད་པའི་ལྡེབས་རིས་དེ་ཡིན། ལྡེབས་རིས་དེ་ལོ་བརྒྱ་ཕྲག་གིས་ཆོད་པ་ཞིག་ཡིན་རུང་ཆོན་མདངས་སྔར་བཞིན་བཀྲག་མདངས་ཆེན་པོ་ཡོད།སྤྱི་ལོ་1987 ལོར། བོད་རང་སྐྱོང་ལྗོངས་རིག་དངོས་དོ་དགེ་ཚོགས་པས་སྒྲིག་འཛུགས་བྱས་ཏེ་ལག་རྩལ་མི་སྣ་བཏང་ནས་ལྡེགུས་རིས་དེར་ཉམས་གསོ་མཛད།   གུ་ གེའི་རྒྱན་རིས་དང༌།ལྡེབས་རིས། འབུར་བརྐོས་བཅས་ཀྱི་ནང་དོན་ཕུན་སུམ་ཚོགས་པས་སྒྱུ་རྩལ་གྱི་ཆུ་ཚད་དང་མཛེས་དཔྱོད་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།
50.jpg
གུ་གེའི་རྗེས་ཤུལ་ནི་ལོ་རྒྱུས་རིག་གནས་ཀྱི་ནོར་མཛོད་ཞིག་ཡིན་པ་དང༌།རྩ་ཆེའི་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་དེ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་ཆེད། སྤྱི་ལོ་1959 ལོར་རྒྱལ་ཁབ་ནས་རིག་དངོས་བརྟག་དཔྱད་རུ་ཁག་བཏང་ནས་གནའ་ཤུལ་དེར་བརྟག་དཔྱད་བྱས་པ་དང༌། སྤྱི་ལོ་1961 ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་དེ་རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་སུ་བཞག་པ་དང༌། སྤྱི་ལོ་1987 ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་དངུལ་ཕོན་ཆེན་བཏང་ནས་ཉམས་གསོ་མཛད་པ་དང༌།སྤྱི་ལོ་1988 ལོར་རྒྱལ་ཁབ་རིག་དངོས་ཅུས་དང༌། བོད་རང་སྐྱོང་ལྗོངས་རིག་གནས་ཐིང༌། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའི་བཅས་ཀྱིས་ས་ཆ་དེ་རང་དུ་བརྟག་དཔྱད་ཐེངས་མང་བྱས་པའི་རྨང་གཞིའི་སྟེང༌། སླར་ཡང་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་ལ་གལ་ཆེའི་མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོ་རྣམ་གྲངས་6བྱས་ཤིང༌། སྤྱི་ལོ་1997 ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་རིག་དངོས་ཅུས་
51.jpg
ཀྱིས་སླར་ཡང་ཡིག་ཆ་བཀྲམ་ནས་ཆེད་མངགས་ཀྱི་སྒྲིག་འཛུགས་དབུ་བརྙེས་ནས་གུ་གེའི་གནའ་ཤུལ་ལ་མྱུར་སྐྱོབ་ཉམས་གསོ་བྱས་པ་རེད། གུ་གེ་ནི་ཤེས་བྱ་ཀུན་བཏུས་ཞིག་དང་འདྲ་བར་རྒྱུན་རིང་གི་ལོ་རྒྱུས་དང༌། གཏིང་ཟབ་ཀྱི་རིག་གནས།ལྐོག་གྱུར་གྱི་ཤོད་རྒྱུན། འགྲེལ་མ་ཐུབ་པའི་གབ་ཚིག་སོགས་ཡོད་པ་དང༌། གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་ནི་སྐྱོ་ལྷང་ལྷང་གི་ཐང་སྟོང་འདིའི་སྟེང་འགྱིང་ངེར་གནས་ནས་ཁ་རོག་ངང་ལོ་རྒྱུས་ཤོད་པ་དང༌། སྒྱུ་རྩལ་གྱི་འོད་སྣང་འཚེར་ཏེ་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་ངང་ནས་གནས་ཡོད།
52.jpg
མངའ་རིས་ལ་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་ཕུད། ད་དུང་གྲགས་ཅན་གྱི་དགོན་སྡེ་དང་རྗེས་ཤུལ་ཡོད་དེ།དཔེར་ན། རྩ་མདའ་རྫོང་གི་མཐོ་ལྡིང་དགོན་པ་དང༌། སྤུ་ཧྲེང་ཁོངས་ཀྱི་ཁེར་བཅའ་དགོན་པ། རུ་ཐོག་རྫོང་གི་རུ་ཐོག་དགོན་པ་སོགས་ཡོད། གནའ་རབས་ཀྱི་དགོན་པ་དང་རྗེས་ཤུལ་མང་པོ་དེ་དག་གིས་མངའ་རིས་ས་ཁུལ་གྱི་གནའ་བོའི་དགོན་སྡེ་དང་རྗེས་ཤུལ་གྱི་ཚོ་པ་དེ་གྲུབ་ཅིང༌། དེ་ནི་བོད་རིགས་ཀྱི་མེས་པོ་ཚོས་མི་རབས་རྗེས་མར་བཞག་པའི་རྩ་ཆེ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་ཞིག་ཡིན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号