ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། བདུན་པ། སྤུ་ཧྲེང་རྒྱལ་སྤྱིའི་ཁྲོམ་ར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      མངའ་རིས་ཀྱི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་ལས་འགུལ་གཙོ་བོ་སྤུ་ཧྲེང་རྫོང་ཐང་དཀར་རྒྱལ་སྤྱིའི་ཁྲོམ་རར་གཅིག་བསྡུས་བྱས་ཡོད་པ་དང༌། སྤུ་་ཧྲེང་ནི་མངའ་རིས་ས་ཁུལ་གྱི་ལྷོ་ཕྱོགས་སུ་གནས་ཡོད་ཅིང༌། རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བའི་མ་ཁྲི་1.56 ཡོད་པ་དང༌། ཧིན་རྡུ་དང་ནེ་པེ་ལའི་བར་མཐའ་མཚམས་མཚམས་ཐིག་སྤྱི་ལེ་414ཡོད་ཅིང༌། མཐའ་མཚམས་ཀྱི་རང་བྱུང་འགྲོ་ལམ་21 ཡོད་པ་དེ་ནི་སྔ་ནས་ད་བར་མངའ་རིས་ཀྱི་ལྷོ་ནུབ་སྒོ་མོ་ཞིག་ཡིན། འདིའི་ས་ཁམས་གནས་ཡུལ་ལ་དམིགས་བསལ་གྱི་རང་བཞིན་ལྡན་པའི་རྐྱེན་གྱིས་མཐའ་མཚམས་ཉོ་ཚོང་ལས་འགུལ་ཡང་བྱུང་ནས་རྒྱུན་རིང་སོང་ཞིང༌།དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་བྱ་བའི་ཚོང་འགྲུལ་་བྱེད་ས་གལ་ཆེན་ཞིག་ཡིན། རྫོང་སྲིད་གཞུང་ཆགས་སར་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་3900 ཡོད་ཅིང་དེ་ནི་རྫོང་ཡོངས་ནང་རྒྱ་མཚོའི་ངོས་ལས་མཐོ་ཚད་དམའ་ཤོས་ཀྱི་ས་ཆ་ཞིག་ཡིན།

65.jpg

སྤུ་ཧྲེང་རྫོང་ནི་གུ་དོག་ཞིང་རིང་བའི་གྲོག་ཁུལ་ཞིག་ཏུ་ཆགས་ཡོད་པ་དང༌། གྲོང་ཁྱེར་གསར་རྙིང་གཉིས་སུ་དབྱེ་ཡོད། གྲོང་ཁྱེར་གཉིས་ཀྱི་དབར་ཧ་ལམ་བར་ཐག་སྤྱི་ལེ་གཉིས་ཙམ་ཡོད་པ་དང༌། མངའ་རིས་ཀྱི་ཆུ་བོ་ཆེན་པོ་བཞི་རུ་གྲགས་པའི་ཡ་གྱལ་རྨ་བྱ་ཁ་འབབ་ནི་གཡུ་ཡི་སྐེ་རགས་ཞིག་དང་མཚུངས་པར་གྲོང་བརྡལ་གྱི་འགྲམ་ནས་རྒྱུགས་འགྲོ་བཞིན་ཡོད། ཐང་དཀར་རྒྱལ་སྤྱིའི་ཁྲོམ་ར་ནི་རྨ་བྱ་ཁ་འབབ་ཆུ་་བོའི་ནུབ་བྱང་གི་རི་མ་ལྡེབས་སུ་ཆགས་ཡོད་པ་དང༌། རི་འདབས་ལ་བྲག་ཕུག་མང་པོ་ཡོད་ཅིང༌། བཤད་སྲོལ་ལ་འདི་ནི་ལོ་བརྒྱ་ཕྲག་དུ་མའི་རིང་ཧིན་རྡུ་དང་ནེ་པེ་ལའི་ཚོང་གཉེར་བྱེད་མི་རྣམས་འདུག་ས་ཡིན་པ་དང་དེར་ནེ་པེ་ལའི་མི་དེ་བས་མང་བ་ཡོད་པའི་རྐྱེན་གྱིས་དེ་ཚོར་མི་རྣམས་ཀྱིས་“ ནེ་པེ་ལའི་ཁང་ཆེན་”དུ་འབོད་ཀྱི་ཡོད།
66.jpg
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号