ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །མངའ་རིས། བདུན་པ། སྤུ་ཧྲེང་རྒྱལ་སྤྱིའི་ཁྲོམ་ར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
འགྲུལ་ཁ་སྒོ་དབྱེ་བྱས་པ་དེས་ཡུལ་སྐོར་པ་མང་པོའི་བློ་བཀུག་སྟེ་ལོ་ལྟར་ཕྱི་རྒྱལ་གྱི་ཡུལ་སྐོར་པ་3000ལྷག་ཙམ་འདིར་ཡོང་གི་ཡོད་པ་དང༌། གནས་རི་དང་བླ་མཚོར་བསྐྱོ་ད་མཁན་ནི་དེ་བས་མང་བ་ཡོད། ཉོ་ཚོང་བྱེད་སར་གཅིག་གྱུར་དོ་དམ་དང་ཚོང་གཉེར་ཆ་རྐྱེན་ལེགས་སུ་གཏོང་ཆེད་སྤུ་ཧྲེང་རྫོང་དུ་འགག་སྒོའི་གཞུང་དོན་ཁང་དབུ་བརྙེས་པ་དང་སླར་ཡང་རང་སྐྱོང་ལྗོངས་ནས་དངུལ་སྒོར་ཁྲི་500 ཡི་མ་དངུལ་ཚུར་ལེན་བྱས་ཏེ་རྨིད་ངོས་སྙོམས་གྲུ་བཞི་མ་3000 ཡོད་པའི་ཁྲོམ་ར་གསར་པ་ཞིག་བཙུགས།1995 ལོར་འདིར་ཚོང་གཉེར་བྱེད་མཁན་གྱི་ཧིན་རྡུ་དང་ནེ་པེ་ལ་དུད་ཚང་116 དང༌། ནང་སའི་ཚོང་དུད་169གནས་ འདི་ གའི་ཚོང་དུད་34བཅས་ཡོད་པ་རེད།
70.jpg
ཧིན་རྡུ་དང་ནེ་པེ་ལའི་ཚོང་པས་རས་ཆ་དང༌།   བུ་རམ།   འཇར་མན་དང་ཧིན་རྡུའི་ཆུ་དྲི་མ་ཞིམ་པོ། སྐྲ་སྣུམ། རྒྱན་ཆ་སོགས་ཚོང་གཉེར་བྱེད་ཀྱི་ཡོད་པ་དང༌། ཧིན་རྡུ་དང་ནེ་པེ་ལའི་ཚོང་པ་འགའ་རེས་བུ་རམ་སོགས་ཀྱི་ཚོང་ཟོག་དང་ས་གནས་དེ་གའི་ལུག་བལ་སོགས་བརྗེ་ཚོང་བྱེད་ཀྱི་ཡོད་པ་རེད།ཧིན་རྡུ་དང་ནེ་པེ་ལའི་ཚོང་པ་འགའ་ད་ལྟ་ཡང་འགྱིག་ཤོག་དང་ཤོག་སྒམ་གྱིས་བཀབ་པའི་ཁང་ཆུང་ནང་སྡོད་ཀྱི་ཡོད་པ་དང༌། ཁོ་ཚོའི་སྡོད་གོས་ཉོ་ཚོང་བཅས་ཚང་མ་ནང་དུ་བྱེད་ཀྱི་ཡོད་པ་རེད།ཁྲོམ་ར་དེ་དང་སྤུ་ཧྲེང་རྫོང་གི་འགག་སྒོ་དང༌། མཐའ་མཚམས་ཞིབ་བཤེར་ཁང༌། མཐའ་མཚམས་འཕྲོད་བསྟེན་ཞིབ་བཤེར་ཁང་སོགས་ཕྱོགས་བསྡུས་ཁང་ཆེན་གྱི་དབར་བར་ཐག་སྤྱི་ལེ་གཉིས་ལས་མེད་པ་དང༌། བར་དུ་རམ་བྱ་ཁ་འབབ་ཆུ་བོ་ཡོད་པ་རེད། འགྲིམ་འགྲུལ་སྟབས་མི་བདེ་བའི་རྐྱེན་གྱིས་ཚོང་ཟོག་ཚང་མ་རྟ་བོང་དང་དྲེལ་སོགས་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་དགོས་ཀྱི་ཡོད་པ་རེད། ནེ་པེ་ལའི་ཚོང་པ་བི་ཏན་ནི་1967 ལོར་ལོ་18ལ་སོན་པའི་སྐབས་འདིར་ཡོང་ཞིང་ད་བར་སྤུ་ཧྲེང་རྫོང་ལ་ལོ་30བསྡད་པས་ཤེས་རྒྱ་ཆེ་ཙམ་ཡོད་པ་དང༌། 1996ལོར་ཚོང་གཉེར་བྱས་ཚད་སྒོར་ཁྲི་40 དང་ཁེ་བོགས་སྒོར་ཁྲི་10བྱུང་བ་དང་ད་ཆ་ཁོ་པས་གཙོ་བོ་སྡེབ་ཚོང་གྱོག་བཞིན་ཡོད་པ་རེད། ཧིན་རྡུའི་ཚོང་པ་མིང་འདོགས་ལ་“སའི་སྙིང་པོ་”ཞེས་པས་1959ལོ་ནས་1964བར་ཚོང་གཉེར་བྱས་ཤིང༌། རྗེས་སུ་ཀྲུང་ཧིན་་འབྲེལ་བ་ཚབས་ཆེ་བས་ཉོ་ཚོང་བྱེད་མཚམས་བཞག་པ་དང༌། 1992ལོར་སླར་ཡང་ཉོ་ཚོང་བྱེད་འགོ་ཚུཊ་པ་རེད།
སྤུ་ཧྲེང་རྒྱལ་སྤྱིའི་ཁྲོམ་ར་ནི་དུས་ཚིགས་རང་བའིན་གྱི་ཚོང་འགྲུལ་ཁ་ཞིག་ཡིན་ཞིང༌། ལོ་ལྟར་ཟླ་བ་7པའི་ཚེས་་15― ཟླ་10པའི་ཚེས་15བར་ཟླ་བ་3སྒོ་འབྱེད་ཀྱི་ཡོད།
71.jpg
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号